ཚེས11ཉིན།སི་རི་ལན་ཁའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར།ཉིན་དེའི་ཞོགས་པར་སྤྱི་སྤྱོད་རླངས་འཁོར་ཞིག་ལ་ཚོད་འཛིན་མ་ཐུབ་པར་གྲོག་རོང་དུ་ལྷུང་ནས་མི15རྐྱེན་ལམ་དུ་ཤོར་བ་དང་མི20ལྷག་ཙམ་ལ་རྨས་ཕོག་ཡོད་ཅེས་བཤད།
སི་རི་ལན་ཁའི་ཉེན་རྟོག་ཕྱོགས་ཀྱིས་ས་གནས་དེའི་སྨྱན་བྱད་བརྒྱུད་ནས།རྨས་སྐྱོན་ཕོག་པའི་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་པ་དང་།དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད།
སི་རི་ལན་ཁར་བགྲོད་ལམ་གྱི་འགྲིམ་འགྲུལ་དོན་རྐྱེན་མང་པོ་འབྱུང་བཞིན་ཡོད།ཚེས10ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་རྒྱལ་ཁབ་དེའི་དབུས་ལྷོའི་རྒྱུད་ཀྱི་ས་ཁུལ་དུ་གྲོག་རོང་དུ་ལྷུང་ནས་མི20ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།