ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཚོགས་ཀྱིས་ཚེས་བཅུ་གཉིས་ཉིན་དྲ་ཐོག་ལ་བསྒྲགས་ནས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅིས་ཉིན་དེར་ཙུང་ཐུང་གི་བཀའ་རྒྱ་བཀོད་དེ། ཆེས་མཐོའི་གྲོས་ཚོགས་མ་འཚོགས་སྔོན་ལ་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་དངུལ་གཏོང་ཐེབས་རྩའི་གྲོས་ཆོད་ལ་གྲོས་ཞིབ་བྱས་པར་ཆོག་མཆན་ཐོབ།
ཝུའུ་ཁི་ལན་གྱི་ཆེས་མཐོ་གྲོས་ཚོགས་ཀྱིས་ཚེས་བརྒྱད་ཉིན་འདེམས་ཤོག་འཕངས་ནས། ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་སྲིད་གཞུང་གིས་མི་འགྱངས་བའི་སྔོན་ལ་བཀོད་པའི་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་དངུལ་གཏོང་ཐེབས་རྩའི་གྲོས་ཆོད་ལ་འཐད་པ་བྱུང་།
ཟླ་བཞི་པའི་ཚེས་སུམ་ཅུ་ཉིན། ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་དང་པོ། དཔལ་འབྱོར་པུའུ་ཀྲང་སི་ཝེ་ལི་ཅན་ཁུ་དང་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་པེ་སིན་ཐི་གཉིས་ཀྱིས་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་དངུལ་རྩའི་ཐེབས་རྩའི་གྲོས་ཆོད་ལ་མིང་རྟགས་བཀོད། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཐུན་མོང་གིས་བསྐྱར་འཛུགས་དངུལ་གཏོང་གི་ཁ་ཕྱོགས་གཏན་འཁེལ་བྱས་ནས། ཝུའུ་ཁི་ལན་གྱི་གཏེར་ཁུངས་དང་རྡོ་སྣུམ། རང་བྱུང་སོལ་རླངས་སྔོག་འདོན་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ལས་སྣོན་གྱི་ཕྱོགས་ལ་བཀོལ་རྒྱུ་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།