ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཚེས16ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཞི་བའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་ཀར་གྲོས་མོལ་སླར་གསོ་བྱས་པ་དང་། དེ་ནི་ཕྱོགས་གཉིས་ཀྱིས་ལོ་ངོ་གསུམ་རིང་སྤེལ་བའི་ཐད་ཀར་གྲོས་མོལ་ཐོག་མ་རེད།
ཐེངས་འདིའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་ལ་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་གྱིས་མགོ་འཛིན་བྱས་པ་དང་། དབྱི་སི་ཐན་པོར་ཏའོ་ཨར་མཱ་པཱ་ཧི་ཆེ་ཕོ་བྲང་གི་སྲིད་འཛིན་གཞུང་སྒྲུབ་ཁང་ནས་སྤེལ་བ་རེད། ཨུ་རུ་སིའི་སྲིད་འཛིན་ལས་རོགས་པ་མཱེ་ཅིན་སི་ཅི་ཡིས་ཨུ་རུ་སིའི་ཕྱོགས་ཀྱི་འཐུབ་ཚབ་ཚོགས་པའི་ཚོགས་གཙོའི་འགན་ཁུར་ཡོད་པ་དང་། ཁོངས་མི་ལ་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཅཱ་ལུའུ་ཅིན། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཇུས་འདོན་པུའུ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཁི་སི་ཁྱིག་ཁི་ཧྥུའུ། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་པུའུ་ཀྲང་གཞོན་པ་ཧྥུའུ་མེན་སོགས་ཡོད། ཝུའུ་ཁི་ལན་གྱི་འཐུབ་ཚབ་ཚོགས་པར་རྒྱལ་སྲུང་པུའུ་ཀྲང་ཝུའུ་མཱེ་ལོ་ཧྥུའུ་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་ཅི་སི་ལེ་ཚི་ཡཱ། དེ་མིན་གསང་འཕྲིན་སྡེ་ཁག་གི་དཔོན་རིགས་སོགས་ཀྱིས་གྲུབ་ཡོད།
ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་མགོ་མ་བརྩམས་གོང་། ཨ་མེ་རི་ཁ་དང་ཝུའུ་ཁི་ལན། ཐུར་ཁེ་བཅས་ཕྱོགས་གསུམ་གྱིས་ཏའོ་ཨར་མཱ་པཱ་ཧི་ཆེ་ཕོ་བྲང་གི་སྲིད་འཛིན་གཞུང་སྒྲུབ་ཁང་ནས་གྲོས་མོལ་བྱས། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་དང་ཝུའུ་ཁི་ལན་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡེ་ཨར་མཱ་ཁི། ཝུའུ་མཱེ་ལོ་ཧྥུའུ། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་སི་པུས་ཅཱ། ཧྥེ་ཏན་བཅས་གྲོས་ཚོགས་ལ་ཞུགས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།