ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་ནས་ཡོ་རོབ་གླིང་གི་བདེ་འཇགས་དང་དཔལ་འབྱོར་འགྲན་རྩོད་གནད་སར་བཟུང་ཡོད།
2025.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐབས་དྲུག་པའི་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་ཚེས16ཉིན་ཨར་པཱ་ནི་ཡཱའི་རྒྱལ་ཏིས་ལཱ་ནཱ་ནས་སྤེལ་བ་དང་། རྒྱལ་ཁབ་དང་ས་ཁུལ་གྱི་མགོ་ཁྲིད་པ་དང་། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་ལས་ཁུངས་ཀྱི་མགོ་ཁྲིད་པ་བཅས་མི50ཙམ་གྲོས་ཚོགས་ལ་ཞུགས་ནས་ཡོ་རོབ་གླིང་གི་བདེ་འཇགས་དང་དཔལ་འབྱོར་འགྲན་རྩོད་ལ་གྲོས་བསྡུར་བྱས།

སྐབས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་འཛམ་གླིང་གསར་བའི་ཁྲོད་ཀྱི་ཡོ་རོབ་གླིང་གསར་བ་སྟེ་མཐུན་སྒྲིལ་དང་མཉམ་ལས། མཉམ་འབྲེལ་འགུལ་སྐྱོད་ཅེས་པ་དེ་ཡིན་པ་དང་། དེ་ནི་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པས་ཐོག་དང་པོར་པཱ་ཨར་ཀན་ནུབ་མ་ས་ཁུལ་དུ་གྲོས་ཚོགས་བསྡུས་པ་རེད། གྲོས་ཚོགས་སྐབས་སུ་ཚོགས་ཞུགས་མགོ་ཁྲིད་པ་དག་གིས་ཡོ་རོབ་གླིང་གི་བདེ་འཇགས་དང་འགོག་སྲུང་། འགྲན་རྩོད་ནུས་པ། དཔལ་འབྱོར་བདེ་འཇགས། དེ་མིན་གནས་སྤོར་སྡོད་དམངས་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་པ་དང་། གཙོ་བོ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་དེ་མིན་གསར་གཏོད་དང་གཞི་གྲངས་རྨང་གཞིའི་སྒྲིག་ཆས། ནུས་ཁུངས་ཀྱི་རྒྱུན་མཐུད་རང་བཞིན། མཁོ་འདོན་མ་འབྲེལ་བདེ་འཇགས་སོགས་གནད་དོན་གནད་སར་བཟུང་ཡོད།

གྲོས་ཚོགས་ལས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐཱ་དང་ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱ། ཁི་སི་ཐཱ་ཡིས་བསྟན་དོན། ཡོ་རོབ་གླིང་གིས་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་དགོས་པ་དང་། སྲུང་སྐྱོབ་རིང་ལུགས་ལ་མགོ་མི་སྒུར་བར་གཉིས་ཕན་གྱི་གྲོགས་པོའི་འབྲེལ་བའི་ཐད་འབད་འབུངས་བྱེད་དགོས་ཟེར། ལཱ་མཱ་ཡིས་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པས་སྔར་ལས་ལྷག་པའི་སྒོ་ནས་སློབ་གསོ་དང་ཚན་རིག མིས་བཟོས་རིག་ནུས་བཅས་ལ་དོ་སྣང་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་མ་ཡིན་པའི་ས་ཁུལ་དེ་ཡང་དངུལ་གཏོང་ནང་ཞུགས་ཆོག་པར་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།