​ཨུ་རུ་སི་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་དབྱི་སི་ཐན་པོར་གྱི་གྲོས་མོལ་ལ་གྲོས་སྡུར་བྱས།
2025.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས17ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཚེས16ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་བསྡུས་པའི་གྲོས་མོལ་ཐད་ནས་བསམ་འཆར་བརྗེ་རེས་བྱས།

བསྒྲགས་པ་ལྟར་ན། ལུའུ་པུས་ཨོ་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་བཟུང་དམག་བརྗེ་སྤོར་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་ལམ་དུ་ཞུགས་པའི་དགོས་ངེས་ཀྱི་ཆ་རྐྱེན་གཏན་འབེབས་བྱེད་པར་རང་རང་གི་ལྟ་ཚུལ་གྲ་སྒྲིག་བྱས་པར་དགའ་བསུ་ཞུས། ཁོས་ད་རུང་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པར་རོགས་འདེགས་བྱེད་རྒྱུ་འདོད་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། ཝུའུ་ཁི་ལན་ཕྱོགས་ཀྱིས་མཇུག་མཐར་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱི་དབྱི་སི་ཐན་པོར་གྱི་གྲོས་མོལ་སླར་གསོ་བྱེད་པའི་སྐོར་གྱི་གྲོས་གཞི་དང་ལེན་བྱས། ཨུ་རུ་སི་ཡིས་གནས་ཚུལ་དེ་འདྲའི་འོག་ཨ་མེ་རི་ཁའི་བར་མུ་མཐུད་དུ་རོགས་ལས་བྱེད་རྩིས་ཡིད་ཟེར།

ཁ་པར་གཏོང་སྐབས་ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གཞན་པ་རེ་འགར་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁས་མུ་མཐུད་དུ་འབྲེལ་འདྲིས་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།