ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་འཛིན་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་དང་ཧཱ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁཱ་ཡེ་ཧྥུའུ་གཉིས་ཀྱིས་ཚེས17ཉིན་ཁ་པར་བརྒྱུད་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲོས་གཞིར་གྲོས་བསྡུར་བྱས།
ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་འཛིན་དྲ་ཚིགས་ཀྱིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་གཏོང་སྐབས་སྔར་ལས་ལྷག་པའི་སྒོནས་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་དང་འཐབ་ཇུས་གྲོགས་པོའི་མནའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་གྲོས་གཞིར་གྲོས་བསྡུར་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་གྲོས་རིམ་གཏན་འབེབས་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཉོ་ཚོང་དང་བཟོ་ལས། དངོས་སྐྱེལ། ཞིང་ལས། ཡུལ་སྐོར། སློབ་གསོ། རིག་གནས་བརྗེ་རེས་སོགས་ཁྱབ་ཁོངས་གཙོ་བོར་ཁེབས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཕྱོགས་གཉིས་ཀྱི་གྲོས་ཚོགས་དང་ཕྱོགས་མང་བྱ་འགུལ་གྱི་ཉིན་རིམ་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།