ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡས་ཚེས17ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་ཚེས19ཉིན་སོ་སོར་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་གཉིས་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོས་ཚེས19ཉིན་གྱི་སྔ་དྲོར་ཕུའུ་ཅིན་ལ་ཁ་པར་གཏོང་རྒྱུ་ཡིན་པ་དང་། གྲོས་གཞི་ལ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་ཉོ་ཚོང་གི་གནད་དོན་འདུས་ཡོད་ལ། དེའི་རྗེས་སུ་ཁོས་ཙེ་ལིན་སི་ཅི་ལ་ཁ་པར་གཏོང་རྒྱུ་ཡིན་པ་དང་། ཙེ་ལིན་སི་ཅི་དང་མཉམ་དུ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་དེ་ནི་ཕན་ནུས་ལྡན་པའི་ཉིན་ཞིག་ཏུ་འགྱུར་བ་དང་། འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་ཐུབ་པར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།