ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས17ཉིན་བཤད་རྒྱུར། འདས་པའི་དུས་ཚོད24རིང་། དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི146རྐྱེན་ལམ་དུ་ཤོར་བ་དང་། མི459ལ་རྨས་ཕོག་ཡོད་ཟེར།
ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས17ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་དང་བྱང་ངོས་ཀྱི་ཅེ་པཱ་ལེ་ཡེ། དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་བཅས་ལ་འགས་གཏོར་བཏང་སྟེ། ཕཱ་ལེ་སི་ཐན་གྱི་མི་མང་བོར་ཤི་རྨས་བཟོས་ཡོད་ཟེར།
དབྱི་སི་ལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས17ཉིན་བཤད་རྒྱུར། འདས་པའི་ཉིན་གཅིག་གི་ནང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ཆམ་ཕབ་དྲག་པོ་བཏང་བ་དང་། དེའི་ཞོར་དུ་དམག་དཔུང་མངག་གཏོང་བྱས་ནས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་ཚོད་འཛིན་མངོན་འགྱུར་བྱུང་ཡོད་ཟེར།
ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ3པའི་ཚེས18ཉིན་གྱི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སུམ་སྟོང་བརྒྱ་དང་སོ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བརྒྱད་དང་དྲུག་བརྒྱ་སོ་གཉིས་ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།