ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས19ཉིན་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱས།
ཉིན་དེའི་སྔ་དྲོར་ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། རབ་ཡིན་ན་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱས་ཏེ་ཨུ་རུ་སིའི་ཕྱོགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར། ཨུ་རུ་སི་དང་ཨ་མེ་རི་ཁའི་སྲིད་འཛིན་གྱི་གྲོས་མོལ་བྱེད་མིན་གླེང་སྐབས། ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཞིབ་འཇུག་ནན་མོ་བྱས་རྗེས་གྲོས་མོལ་གྱི་དུས་ཚོད་གཏན་འཁེལ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།