དབྱིན་ཇི་དང་ཧྥ་རན་སི། ཁཱ་ནཱ་ཏཱ་བཅས་ཀྱི་མགོ་ཁྲིད་པས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་པར་ཧ་ལས་པའི་ཚུལ་བསྟན།
2025.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཚེས20ཉིན་དབྱིན་ཇིའི་གྲོས་ཁང་དུ་གཏམ་བཤད་སྤེལ་སྐབས་བསྟན་དོན། དབྱིན་ཇི་དང་ཧྥ་རན་སི། ཁཱ་ནཱ་ཏཱ་བཅས་ཀྱི་མགོ་ཁྲིད་པས་དབྱི་སི་རལ་གྱིས་ཉེ་སྔོན་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་པར་ཧ་ལས་པའི་ཚུལ་བསྟན་ཡོད་ཟེར།

སི་ཐཱ་མའོ་ཡིས་གཏམ་བཤད་སྤེལ་སྐབས་བསྐྱར་སྒྲོག་བྱས་དོན། དབྱིན་ཇི་དང་ཧྥ་རན་སི། ཁཱ་ནཱ་ཏཱ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། དེ་ནི་བཀག་འཇུག་ཐེབས་པའི་མི་སྣ་སྐྱོབ་པའི་ཐབས་ལམ་ཉག་ཅིག་ཡིན་པར་འདོད་ལ། ངེས་པར་དུ་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་དགོས་པ་ནན་བཤད་བྱས་ཡོད་ཟེར།

སི་ཐཱ་མའོ་ཡིས་བཤད་རྒྱུར། ཉེ་བའི་ཉིན་འགའི་རིང་ལ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ཟས་རིགས་སྐྱེལ་འདྲེན་བྱེད་པར་ཆོག་མཆན་བཀོད་པ་ཧ་ཅང་ཉུང་བ་དང་། འཐབ་འཁྲུག་དེ་ཡུན་རིང་བོ་འགོར་ཡོད་པས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་ལྟོགས་སྡུག་མྱོང་དུ་འཇུག་མི་རུང་ཟེར།

ཉིན་དེར་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས་ཀྱིས་གྲོས་ཁང་ཞོལ་ནས་ནས་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་བཀག་སྡོམ་བྱས་པའི་དབང་གིས་དབྱིན་ཇི་ཡིས་དབྱི་སི་རལ་བར་གྱི་རང་དབང་ཉོ་ཚོང་གྲོས་མོལ་མཚམས་བཞག་ཡོད་པ་དང་། དེ་ལས་གཞན་དབྱིན་ཇིའི་ཕྱོགས་ཀྱིས་དབྱིན་ཇི་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་བོས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།