མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་གིས་ཚེས20ཉིན་བཤད་རྒྱུར། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དེ2023ལོའི་ཟླ10བར་བྱུང་བའི་ཚུན་ལ། བུད་མེད་དང་བྱིས་པ་ཁྲི་གཉིས་དང་སྟོང་བརྒྱད་ལྷག་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་གིས་ཉིན་དེར་སྤེལ་བའི་གསར་འགྱུར་ཅིག་གི་ཁྲོད་བཤད་རྒྱུར། ཆ་སྙོམས་དུས་ཚོད་རེའི་ནང་བུད་མེད་དང་བུ་མོ་ཆུང་ཆུང་རེ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་སྤེལ་བའི་དམག་དོན་ཆམ་ཕབ་ཁྲོད་རྐྱེན་ལམ་དུ་ཤོར་བཞིན་ཡོད། འཐབ་འཁྲུག་ལས་ཨ་མ་མང་བོའི་ཚེ་སྲོག་ཤོར་བས་ཁྱིམ་ཚང་མང་བོ་སྐྱོ་ངལ་གྱི་གནས་སུ་ལྷུང་ཡོད། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེར་ཟླ་གསུམ་པར་གཏོར་བརླག་ཐེབས་པ་དང་། དབྱི་སི་རལ་གྱིས་རྒུད་སྐྱོབ་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་བཀག་འགོག་བྱས་པ་ལས་ས་དེའི་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་གིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་བཀག་མེད་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་བཀོད་དེ། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་བཀག་འཇུག་བྱས་པའི་མི་སྣ་ཚང་མ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།