ཕཱ་ཁི་སི་ཐན་གྱི་སྲིད་འཛིན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2025.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ཁི་སི་ཐན་གྱི་སྲིད་འཛིན་ཀྲ་ཨར་ཏཱ་ལི་ཡིས་ཚེས21ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། མུ་མཐུད་དུ་ཀྲུང་གོ་དང་མཉམ་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཕཱ་ཁི་སི་ཐན་གྱི་སྲིད་འཛིན་དྲུང་ཡིག་ཁྲུའུ་ཡིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། ཀྲ་ཨར་ཏཱ་ལི་ཡིས་ཕཱ་ཁི་སི་ཐན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ74འཁོར་བའི་ཐད་ནས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ལ་སྨོན་འདུན་བཟང་བོ་ཞུས། ཀྲ་ཨར་ཏཱ་ལི་ཡིས་བསྟན་དོན། ཕཱ་ཁི་སི་ཐན་དང་དབྱི་སི་རལ་གྱི་འབྲེལ་བའི་ལོ་རྒྱུས་རིང་ཞིང་ཡུན་རིང་ཉམས་སད་ཐེག་ཡོད། འདས་པའི་ལོ་ངོ74རིང་ལ། ཕཱ་ཁི་སི་ཐན་དང་ཀྲུང་གོའི་སྤུན་ཟླ་ལྟ་བུའི་མཛའ་བརྩེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་ནས། རྒྱལ་ཁབ་གཉི་ག་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་སོང་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བ་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུར་བྱས་ཡོད། ཕཱ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་ཕན་ཚུན་ཡིད་ཆེས་དང་བརྩི་འཇོག དགེ་སེམས་ཆེ་བའི་རྨང་གཞིའི་སྟེང་བཙུགས་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ས་ཁུལ་གྱི་གཏན་འཇགས་དང་ཐུན་མོང་དར་རྒྱས། གཅིག་འབྲེལ་གཅིག་བརྟེན་བཅས་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་བཞིན་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་པ་དང་། མུ་མཐུད་དུ་ཀྲུང་གོ་དང་མཉམ་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཀྲ་ཨར་ཏཱ་ལི་ཡིས་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། ཕཱ་ཁི་སི་ཐན་གྱི་རྒྱལ་སྲུང་བཟོ་ལས་ལ་སྟོབས་ལྡན་གཏོང་བའི་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་མུ་མཐུད་དུ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་སྔོན་བསྐྱོད་ཚོད་ལྟའི་ལས་གཞི་གལ་ཆེན་ཡིན་པའི་ཆ་ནས། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དེ་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་མིག་དཔེ་རུ་གྱུར་ཡོད་ལ། ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་དང་རྨང་གཞིའི་སྒྲིག་ཆས། ནུས་ཁུངས་ཁྱབ་ཁོངས་བཅས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་དཔལ་འབྱོར་དང་ལག་རྩལ། རྒྱལ་སྲུང་། སློབ་གསོ། ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པའི་ཆོད་སེམས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།