ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་པཱ་ལོ་ཡིས་ཚེས21ཉིན་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་ཡུལ་གྱར་བའི་སྒར་སའི་ཉེ་འདབས་ནས་ཕྱི་འབྲེལ་འཐུས་ཚབ་ཚོགས་པ་ཞིག་ལ་མེ་མདས་བརྒྱབ་སྟེ་ཉེན་བརྡ་བཏང་བ་དང་། བྱ་སྤྱོད་དེ་དང་ལེན་བྱེད་ཐབས་མེད་ཟེར།
པཱ་ལོ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཧྥ་རན་སི་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་པ་བོས་ནས། དོན་དེའི་ཐད་ནས་འགྲེལ་བཤད་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།
བསྒྲགས་པ་ལྟར་ན། རྒྱལ་ཁབ་མང་བོའི་ཕྱི་འབྲེལ་དཔོན་པོས་གྲུབ་པའི་འཐུས་ཚབ་ཚོགས་པས་ཚེས21ཉིན་ཅེ་ཉིང་ཡུལ་གྱར་བའི་སྒར་སའི་ཤར་ངོས་ཀྱི་འཛུལ་སྒོའི་ཉེ་འདབས་སུ་ཡུལ་གྱར་བའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས། ཅེ་ཉིང་ཡུལ་གྱར་བའི་སྒར་ས་རུ་བཅའ་སྡོད་བྱེད་པའི་དབྱི་སི་རལ་གྱི་དམག་མིས་མི་ཚོགས་ལ་མེ་མདས་བརྒྱབ་སྟེ་ཉེན་བརྡ་བཏང་། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། འཐུས་ཚབ་ཚོགས་པ་དེའི་ནང་ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོ་གཅིག་ཡོད་ཟེར།
བསྒྲགས་པ་ལྟར་ན། ཧྥ་རན་སི་ལས་གཞན་དབྱི་ཐཱ་ལེ་དང་ཕུའུ་ཐའོ་ཡཱ་སོགས་རྒྱལ་ཁབ་ཀྱིས་ཀྱང་དོན་དེའི་ཐད་ནས་རྒྱལ་ཁབ་རེ་འགའ་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་བོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།