དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་ཁོངས་སུ་གཏོགས་པའི་བདེ་འཇགས་སྨྱན་བྱད་ལྟེ་གནས་ཀྱིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་དམག་ཕྱོགས་ཀྱིས་ཉེ་སྔོན་བྱང་ངོས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཉིས་བསད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཡང་དག་པའི་གསང་འཕྲིན་ལྟར་ན། དབྱི་རག་དམག་ཕྱོགས་ཀྱིས་ཚེས20ཉིན་འཐབ་འཛིང་གནམ་གྲུ་བཀོལ་ནས་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་རི་ཁུལ་ཅིག་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་ས་ངོས་དམག་དཔུང་མངག་ནས་བར་སྣང་འཇབ་རྒོལ་བྱེད་སའི་ས་ཁོངས་སུ་སྔོག་བཤེར་བྱས། མིག་སྔའི་བར་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཉིས་བར་སྣང་འཇབ་རྒོལ་ཁྲོད་བསད་པ་དང་། ས་ངོས་སྔོག་བཤེར་བྱས་པ་ལས་མཚོན་ཆ་དང་འཕྲིན་གཏོང་སྒྲིག་ཆས། མཁོ་སྒྲུབ་དངོས་རྫས་སོགས་གཞུང་བཞེས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།