སིང་ག་ཕོར་གྱི་སྐབས་གསར་བའི་ནེ་ཀི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2025.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚེ་དང་ནེ་ཀི་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོ་དེ་ཚེས23ཉིན་གྱི་དགོང་མོར་སྤེལ། སིང་ག་ཕོར་གྱི་སྲིད་འཛིན་ཧྲང་ཏཱ་མན་གྱིས་དམ་བཅའ་འཇོག་པའི་མཛད་སྒོར་མགོ་འཛིན་བྱས།

ཧོང་ཞོན་ཚེ་ཡིས་དམ་བཅའ་བཞག་རྗེས་གཏམ་བཤད་སྤེལ་ཏེ། སྐབས་གསར་བའི་སྲིད་གཞུང་གི་བྱ་བ་གཙོ་བོར་སིང་ག་ཕོར་གྱིས་འགྱུར་ལྡོག་ཆེ་བའི་འཛམ་གླིང་འདིའི་སྟེང་གོ་གནས་ངེས་ཅན་ཞིག་ཟིན་པར་འགན་སྲུང་བྱེད་རྒྱུ་མ་ཟད། སིང་ག་ཕོར་གྱི་དཔལ་འབྱོར་ལ་སྣེ་ཁྲིད་བྱས་ཏེ་མ་འོངས་པའི་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཟླ5བའི་ཚེས3ཉིན་བསྡུས་པའི་རྒྱལ་ཚོགས་ཀྱི་འདེམ་བསྐོའི་ཁྲོད། སྲིད་འཛིན་པའི་མི་དམངས་འགུལ་སྐྱོད་ཏང་ལ་ཡང་བསྐྱར་ལས་གནས་མང་ཆེ་བ་ཐོབ་ཡོད། དེ་ནི་ད་ལྟའི་ཙུང་ལི་ཧོང་ཞོན་ཚེ་ཡིས2024ལོར་ལས་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་སྲིད་འཛིན་ཏང་གི་སྣེ་ཁྲིད་དེ་རྒྱལ་ཡོངས་ཀྱི་འདེམ་བསྐོ་ཆེན་མོར་ཞུགས་པ་རེད།

ཧོང་ཞོན་ཚེ་ཡིས་ཟླ5བའི་ཚེས21ཉིན་སྐབས་གསར་བའི་ནེ་ཀིའི་མི་དོན་ལེགས་སྒྲིག་ཇུས་གཞི་ཁྱབ་བསྒྲགས་བྱས། ཡན་ཅིན་ཡུང་གིས་མུ་མཐུད་དུ་ཙུང་ལི་གཞོན་པའི་འགན་ཁུར་རྒྱུ་མ་ཟད་དཔལ་འབྱོར་ལས་དོན་ལ་མཐུན་སྦྱོར་བྱེད་རྒྱུ་ཡིན་པ་དང་། ཧྲང་མུའུ་ཀིན་དང་ཁྲིན་ཀྲིན་ཧྲིན། ཝང་དབྱེ་ཁང་བཅས་ཀྱིས་གཅིག་འདོམས་པུའུ་ཀྲང་གི་འགན་ཁུར་ནས། སོ་སོར་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་བའི་ཞབས་ཞུ། སྤྱི་ཚོགས་སྲིད་ཇུས་བཅའ་ལ་འགན་ཁུར་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།