ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་རྒྱུ་རེད།
2025.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས23ཉིན་བསྟན་དོན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་མཉམ་དུ་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་རྒྱུ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱི་ཞི་བའི་གྲོས་མཐུན་གྱི་བཟོད་སྒོམ་བརྗེད་ཐོའི་གཏན་འབེབས་བྱ་བ་མཇུག་མཐའི་དུས་རིམ་དུ་བསླེབས་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་བར་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། གྲོས་མོལ་གྱི་དུས་ཚོད་དང་ས་གནས་སོགས་ད་རུང་གཏན་འཁེལ་བྱས་མེད་ཟེར།

ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་ནམ་རྒྱུན་རིམ་པ་སོ་སོ་ནས་ཝུའུ་ཁི་ལན་བར་ཞི་བའི་གྲོས་མོལ་བྱས་ཏེ། འཁྲུག་རྩོད་ཀྱི་འབྱུང་རྐྱེན་མེད་པར་བཟོས་ནས་འབྲེལ་འདྲིས་བྱེད་འདོད་ཡོད་པ་ནན་བཤད་བྱས་ཡོད་ཟེར།

མིག་སྔར་ཝུའུ་ཁི་ལན་ཕྱོགས་ཀྱིས་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།