ཐེ་གོ་རྒྱལ་ཁབ་ཉེན་རྟོག་སྤྱི་ཁྱབ་ཅུའུ་ཡིས་ཚེས24ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉེན་དོན་སྡེ་ཁག་གི་གྱེན་འཕུར་གནམ་གྲུ་ཞིག་ལྷོ་ཕྱོགས་ཀྱི་པཱ་ཧྲུའུ་ཧྥུའུ་ཉེ་འདབས་སུ་སར་ལྷུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར་བ་ཁས་ལེན་བྱས།
ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། གྱེན་འཕུར་གནམ་གྲུ་དེ་པེ་པུས་ཧྥུའུ་ཉེན་རྟོག་པའི་འཕུར་སྐྱོད་རུ་ཁག་ལ་གཏོགས་པ་དང་། ཉིན་དེའི་ཉིན་གུང་གི་དུས་ཚོད་གཅིག་ཡས་མས་སུ་སར་ལྷུང་བ་ཡིན་ལ། གནམ་གྲུའི་ཁ་ལོ་བ་གཉིས་དང་འཕྲུལ་ཆས་ལག་རྩལ་པ་གཅིག་རྐྱེན་ལམ་དུ་ཤོར་ཟེར།
ཐེ་གོ་རྒྱལ་ཁབ་ཉེན་རྟོག་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་སྡེ་ཁག་ལ་བཀའ་རྒྱ་བཏང་སྟེ། མྱུར་མོར་དོན་རྐྱེན་དེར་རྟོག་ཞིབ་བྱེད་དགོས་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུ་དགོས་པའི་རེ་བ་བཏོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།