ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས25ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཁྲིམས་འཛིན་ལས་ཁུངས་ཀྱིས་མཐར་བསྐྲོད་གྲུ་གཟིངས་གསར་བའི་དོན་རྐྱེན་ཆེན་མོ་དང་འབྲེལ་བ་ཡོད་པའི་འགན་ཁུར་བ་གསུམ་བཀག་བསྐྱིལ་བྱས་ཏེ། བཅའ་ཁྲིམས་ཀྱི་རྟོག་ཞིབ་བྱ་བ་སྤེལ་བར་སྟབས་བདེ་བཟོས།
བསྒྲགས་པ་ལྟར་ན། དོན་རྐྱེན་དེའི་རྟོག་ཞིབ་ཚན་ཆུང་གིས་ཚེས24ཉིན་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལ་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པ་དང་། ཁྲིམས་འཛིན་ལས་ཁུངས་ཀྱིས་དོན་རྐྱེན་རྟོག་ཞིབ་ཚན་ཆུང་གིས་རྟོག་ཞིབ་བྱས་པའི་རྒྱུ་ཆ་གཞིར་བཟུང་སྟེ། བཅའ་ཁྲིམས་ལྟར་རྟོག་ཞིབ་བྱེད་ཆེད། དོན་རྐྱེན་དེར་འགན་ཁུར་བའི་ཆིན་ཅིན་གྲུ་གཟིངས་བཟོ་གྲྭའི་སྤྱིའི་བཟོ་སྐྲུན་པ་ཅང་ཀྲིན་ཀྲི་དང་། གྲུ་གཟིངས་སྒྲིག་སྦྱོར་འཁོར་ཁང་གི་ཀྲུའུ་རིན་ཧན་ཅིན་ཞོས། སྲིད་འཛིན་གྱི་བཟོ་གྲྭའི་འགོ་བ་གཞོན་པ་ཅིན་ཡུང་ཧི་བཅས་བཀག་བསྐྱིལ་བྱས།
བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་མཐར་བསྐྲོད་གྲུ་གཟིངས་དེར་གཏོར་བརླག་གཞན་པ་ཐེབས་ཡོད་པ་མ་མཐོང་ལ། ཡུལ་དངོས་ཞིག་གསོ་ཚན་ཆུང་གིས་འཆར་གཞི་ལྟར་ཞིག་གསོ་བྱ་བ་སྤེལ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།