ཨུ་རུ་སི་དཀར་པོས་མུ་མཐུད་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་བཟུང་དམག་བརྗེ་སྤོར་བྱ་བར་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན།
2025.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སི་དཀར་པོའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཨེ་སི་མིན་ཐི་ཡིས་ཚེས23ཉིན་སྨྱན་བྱད་ལ་བཤད་རྒྱུར། ཨུ་རུ་སི་དཀར་པོས་མུ་མཐུད་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་བཟུང་དམག་བརྗེ་སྤོར་ཐད་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཨེ་སི་མིན་ཐི་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་བཟུང་དམག་བརྗེ་སྤོར་བྱེད་པའི་བྱ་བ་ཨུ་རུ་སི་དཀར་པོའི་མངའ་ཁོངས་སུ་འགན་སྲུང་ཐོབ་ནས་ལག་བསྟར་བྱས་པ་ཡིན་ལ། དེར་ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་འཐད་པ་བྱུང་ཡོད་ཟེར།

ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱིས་ཚེས16ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཞི་བའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་ཀའི་གྲོས་མོལ་སླར་གསོ་བྱས་པ་དང་། ཕྱོགས་གཉིས་ཀྱིས་བཟུང་དམག་སྟོང་ཕྲག་ལྷག་བརྗེ་སྤོར་བྱེད་པའི་གྲོས་མཐུན་བཀོད། དོན་དེའི་ཐད་ནས་ཨེ་སི་མིན་ཐི་ཡིས་བསྟན་དོན། ཨུ་རུ་སི་དཀར་པོས་ཐེངས་འདིའི་བཟུང་དམག་བརྗེ་སྤོར་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས23ཉིན་སོ་སོར་བདེན་དཔང་བྱས་དོན། གོང་གི་བཟུང་དམག་སྟོང་ཕྲག་ལྷག་བརྗེ་སྤོར་བྱེད་པའི་ཐོག་མའི་དུས་རིམ་གྱི་བྱ་བ་ཡོངས་འགྲུབ་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།