ཙན་པུ་ཡཱ་ཡིས་བྱ་འགུལ་གཟབ་རྒྱས་སྤེལ་ནས་ཨ་ཧྥེ་རི་ཁ་གླིང་ཉིན་མོར་རྗེས་དྲན་བྱས།
2025.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཙན་པུ་ཡཱའི་རྒྱལ་ས་ལུའུ་སཱ་ཁཱ་ནས་ཚེས25ཉིན་བྱ་འགུལ་གཟབ་རྒྱས་བསྡུས་ནས། ཨ་ཧྥེ་རི་ཁ་གླིང་ཉིན་མོར་རྗེས་དྲན་བྱས་པ་དང་། ཨ་ཧྥེ་རི་ཁ་གླིང་གི་མི་རིགས་བཅིངས་འགྲོལ་ལས་དོན་ཐད་བྱས་རྗེས་བཞག་པའི་མེས་པོ་ཚོར་མྱ་ངན་ཞུས། ཙན་པུ་ཡཱའི་ཙུང་ཐུང་ཞི་ཆི་ལའེ་མཱ་དང་སྲིད་གཞུང་གི་དཔོན་རིགས། དམག་དཔུང་གི་འཐུས་མི། ཙན་པུ་ཡཱ་རུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ་སོགས་བྱ་འགུལ་ལ་ཞུགས་པར་མ་ཟད། ཙམ་པབ་ཝེ་ཡི་རང་བཙན་མཚོན་པའི་རང་དབང་གི་སྐུ་བརྙན་ལ་མེ་ཏོག་གི་ཕྲེང་བ་ཕུལ།

ཞི་ཆི་ལའེ་མཱ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ནང་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་བཅིངས་འགྲོལ་ལས་དོན་ཐད་བྱས་རྗེས་བཞག་པའི་མེས་པར་མྱ་ངན་ཞུས་པ་དང་། ཁོ་ཚོའི་མིག་རྒྱང་རིང་བོ་དང་མཁས་མཛངས་འབད་འཐབ་ལས་ཨ་ཧྥེ་རི་ཁ་གླིང་གིས་རང་བཙན་དང་མཐུན་སྒྲིལ་གྱི་ལམ་ཁ་བཏོད་པ་རེད་ཟེར། ཁོས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་ཨ་ཧྥེ་རི་ཁ་གླིང་གི་མཐུན་སྒྲིལ་སྙིང་སྟོབས་ཐད་ཀྱི་དམ་བཅའ་ཡང་བསྐྱར་ཇེ་བརྟན་དུ་གཏོང་བ་དང་། ལག་རྡང་སྦྲེལ་ནས་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བདེ་འཇགས། རྒྱུན་མཐུད་དར་རྒྱས་བཅས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། མཐུན་སྒྲིལ་དང་དར་རྒྱས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་ལ་ཉེ་དུས་ཨ་ཧྥེ་རི་ཁ་གླིང་དེ་འཁྲུག་རྩོད་དབང་གིས་ཁ་བྲལ་དུ་འགྲོ་མི་རུང་ཟེར།

1963ལོའི་ཟླ5བའི་ཚེས25ཉིན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཐོག་མར་བཙུགས་པ་དང་། ཟླ5བའི་ཚེས25ཉིན་ཨ་ཧྥེ་རི་ཁ་གླིང་ཉིན་མོར་གཏན་འཁེལ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།