ཧཱ་མཱ་སི་ཨ་མེ་རི་ཁའི་ཆེད་མངག་ཕོ་ཉས་བཏོན་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞིར་ཡིད་འཐད་བྱུང་ཡོད།
2025.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མིང་བཤད་མི་འདོད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དཔོན་རིགས་ཤིག་གིས་ཚེས26ཉིན་གསར་འགོད་པར་བཤད་རྒྱུར། ཧཱ་མཱ་སི་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ཡིས་བཏོན་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞིར་ཡིད་འཐད་བྱུང་ཡོད་ཟེར།

དཔོན་རིགས་དེས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞི་ལ་ད་ལྟ་གསོན་ཡོད་པའི་དབྱི་སི་རལ་གྱི་བཀག་འཇུག་མི་སྣ10ཕྱིར་བཏང་སྟེ། ཉིན60རིང་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་སོགས་འདུས་པར་མ་ཟད། ཕྱོགས་སོ་སོས་ཅཱ་ཧྲ་ས་ཁུལ་གྱི་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པའི་མདུན་ལྗོངས་ལ་གྲོས་བསྡུར་བྱེད་པར་ཆ་རྐྱེན་བསྐྲུན་ཡོད་ཟེར།

ཧཱ་མཱ་སིའི་དཔོན་ཕྱོགས་ཀྱིས་མིག་སྔར་ད་རུང་གནས་ཚུལ་དེ་བདེན་དཔང་བྱས་མེད།

གཞན་ཡང་ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་ཚེས26ཉིན་བསྒྲགས་པ་ལྟར་ན། ཇུས་གཞི་དེ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་འཁྲུག་རྩོད་མཚམས་འཇོག་པར་འགན་སྲུང་བྱེད་རྒྱུ་མ་ཟད། དབྱི་སི་རལ་གྱི་དམག་དཔུང་མ་འོངས་པར་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད། ཇུས་གཞི་ལས་ད་རུང་འཁྲུག་རྩོད་མཚམས་བཞག་པའི་ཉིན་དང་པོ་ནས་བཟུང་ཆ་རྐྱེན་ཅི་ཡང་མེད་པར་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།