ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔའི་མཚོན་ཆའི་ཉོ་བསྡུའི་ཐེབས་རྩ་འཛུགས་པའི་འཆར་གཞིར་གྲོས་མཐུན་བཀོད།
2025.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས27ཉིན་དངོས་སུ་ཡོ་རོབ་གླིང་བདེ་འཇགས་འགུལ་སྐྱོད་ཅེས་པའི་ཡོ་བྱད་འཛུགས་པར་དངོས་སུ་ཆོག་མཆན་བཀོད་དེ། ཁོངས་གཏོགས་རྒྱལ་ཁབ་དག་གིས་བདེ་འཇགས་དང་འགོག་སྲུང་མཚོན་ཆའི་སྒྲིག་ཆས་ཉོ་བསྡུ་བྱེད་པའི་ཐད་སྤྱིའི་འབོར་གྲངས་ཡོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔའི་མ་དངུལ་རྒྱབ་སྐྱོར་འདོན་སྤྲོད་བྱས།

ཡོ་རོབ་གླིང་བདེ་འཇགས་འགུལ་སྐྱོད་ཀྱིས་སྐྱེད་ཀའི་གཟིགས་སྐྱོང་གི་དུས་ཡུན་རིང་བོའི་དངུལ་བསྐྱིས་རྣམ་པས་དགོས་མཁོ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། བརྒྱ་ཆའི་སོ་ལྔའི་དངུལ་བསྐྱིས་དེ་ཡོ་རོབ་གླིང་མ་གཏོགས་པའི་ས་ཁུལ་གཞན་པ་ནས་ཐོན་སྐྱེད་བྱས་པའི་མཚོན་ཆའི་ལྷུ་ལག་ཉོ་བསྡུ་བྱེད་པའི་ཐད་བཀོལ་ཆོག

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་གསར་འགྱུར་སྤྱི་སྒྲོག་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལོའི་ཟླ3པར་བཏོན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་སྔོན་རྩིས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཡོ་རོབ་གླིང་བདེ་འཇགས་འགུལ་སྐྱོད་ཅེས་པ་བཏོན་པ་དང་། དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི2030ལོར་གྲ་སྒྲིག་གང་ལེགས་བྱེད་ཅེས་པའི་རྒྱབ་ཤ་དཀར་པོའི་དཔེ་ཆའི་རྒྱབ་རྟེན་གཙོ་བོ་ཡིན་པ་དང་། 2030ལོར་གྲ་སྒྲིག་གང་ལེགས་བྱེད་ཅེས་པའི་རྒྱབ་ཤ་དཀར་པོའི་དཔེ་ཆས་ཡོ་སྒོར་ཁྲག་ཁྲིག་བརྒྱད་བཀོལ་ནས་བདེ་འཇགས་དང་བསྟུན་ནུས་ལྡནཔ་འི་ཡོ་རོབ་གླིང་ཞིག་འཛུགས་སྐྲུན་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།