ཨ་མན་འཕྲིན་གཏོང་ཁང་གིས་ཚེས27ཉིན་བསྒྲགས་པ་ལྟར་ན། ཨ་མན་གྱི་མགོ་ཁྲིད་པ་ཧེ་སེ་མུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་དང་གྲོས་མོལ་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཡིག་ཆ་མང་བོ་འགོད་པའི་མཛད་སྒོར་མཉམ་དུ་ཞུགས་ཟེར།
བསྒྲགས་པ་ལྟར་ན། ཧེ་སེ་མུའུ་དང་ཕའེ་ཙེ་ཞི་ཆི་དབྱང་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་བར་གྱི་རྒྱུན་རིང་བའི་ལོ་རྒྱུས་འབྲེལ་བར་ཕྱིར་དྲན་བྱས་པ་དང་། ས་ཁུལ་གྱི་གནས་བབ་གསར་བའི་ཐད་ནད་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་གྲོགས་པོའི་འབྲེལ་བར་ཇི་ལྟར་ཤུགས་སྣོན་པའི་ཐད་ནས་གྲོས་བསྡུར་བྱས་ཟེར།
བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་བསྡོམས་པས་མཉམ་ལས་གྲོས་མཐུན་ལྔ་དང་བཟོད་སྒོམ་བརྗེད་ཐོ་བཅུ། ལག་བསྟར་འཆར་གཞི་གསུམ་བཅས་བཀོད་ཡོད་ལ། ཁྲིམས་འཛིན་དང་དངུལ་གཏོང་། ཉོ་ཚོང་། འཕྲིན་གཏོང་། ཡུལ་སྐོར་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད་ཟེར།
ཨ་མན་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཕའེ་ཙེ་ཞི་ཆི་དབྱང་ཉིན་དེར་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་རུ་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་མགོ་བརྩམས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།