དབྱི་སི་རལ་གྱི་སྲིད་གཞུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་གཏན་སྡོད་བྱེད་ས22གསར་འཛུགས་བྱེད་པར་ཆོག་མཆན་བཀོད།
2025.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་སྨྱན་བྱད་སྨྱན་བྱད་མང་བོས་ཚེས29ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་སྲིད་གཞུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་གཏན་སྡོད་བྱེད་ས22གསར་འཛུགས་བྱེད་པར་ཆོག་མཆན་བཀོད་ཟེར།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་དྲངས་ནས་བསྒྲགས་པ་ལྟར་ན། བྱ་སྤྱོད་དེ་ནི་དབྱི་སི་རལ་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་བཀག་འགོག་བྱེད་ཆེད་ཡིན། འཆར་གཞི་དེར་སྔོན་ནས་ཕྱིར་འཐེན་བྱས་པའི་ས་ཁུལ་གྱི་གཏན་སྡོད་བྱེད་ས་སླར་གསོ་བྱེད་པ་དང་། ཅོར་ཏན་དང་ཉེ་བའི་ཤར་ཕྱོགས་ས་ཁུལ་ནས་གཏན་སྡོད་བྱེད་ས་བཞི་གསར་འཛུགས་བྱེད་པ་སོགས་འདུས། གཏན་སྡོད་བྱེད་ས་དེ་དག་གིས་དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་དང་ས་ཁུལ་དེའི་འཐབ་ཇུས་ཚོད་འཛིན་ལ་ཤུགས་སྣོན་བྱེད་ཐུབ་ཟེར། ཡེ་ལུའུ་སཱ་ལེམ་སྦྲགས་སྲིད་ཚགས་པར་གྱིས་དབྱི་སི་རལ་རྒྱལ་ཁབ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་ཡི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གཏན་སྡོད་བྱེད་སའི་བྱ་འགུལ་ནི་དབྱི་སི་རལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགོག་ཡོལ་གལ་ཆེན་ཞིག་ཡིན་པས། དབྱི་སི་རལ་གྱིས་ངེས་པར་དུ་ནུས་པ་གང་ཡོད་བཏོན་ནས་འགོག་ཡོལ་རྒྱ་བསྐྱེད་དང་དེར་ཤུགས་སྣོན་བྱེད་དགོས་ཟེར།

དབྱི་སི་རལ་གྱི་ནོར་སྲིད་པུའུ་ཀྲང་སི་མའོ་ཐི་ལི་ཧོ་ཡིས་ཉིན་དེར་སྨྱན་བྱད་ནས་རྩོམ་ཡིག་སྤེལ་ཏེ། དབྱི་སི་རལ་སྲིད་གཞུང་གི་བྱེད་ཐབས་གསར་བ་དེ་ནི་གཏན་སྡོད་བྱེད་སའི་འཕེལ་རྒྱས་ཐད་བཏོན་པའི་ལོ་རྒྱུས་རང་བཞིན་གྱི་ཆོད་དོན་ཅིག་ཡིན་པ་དང་། དབྱི་སི་རལ་གྱིས་འཐབ་ཇུས་རིམ་པ་ནས་བཅོས་བསྒྱུར་ཆེན་པོ་མངོན་འགྱུར་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།