མའོ་སིང་པུས་ཁིའི་འཕྲིན་གཏོང་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་ཉེས་ཅན་གྱིས་ཚེས27ཉིན་མའོ་སིང་པུས་ཁིའི་དྲག་ཆས་དམག་དཔུང་གི་རྒྱལ་ཁབ་དེའི་བྱང་ངོས་ཀྱི་ཏི་ཨར་ཅཱ་ཏུའུ་ཅོ་ཞིང་ཆེན་གྱི་མཱ་ཁི་མུས་ཡཱ་ས་ཁུལ་དུ་ཡོད་པའི་ཁཱ་ཐུའུ་ཕཱ་དམག་དོན་རྟེན་གཞིར་འཇབ་རྒོལ་བྱས་ཏེ་མི་སྣར་ཤི་རྨས་བཟོས་ཡོད་ཟེར།
འཇབ་རྒོལ་དོན་རྐྱེན་བྱུང་རྗེས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་མཱ་ཁི་འཕྲིན་གཏོང་ཁང་བརྒྱུད་དེ་བཤད་རྒྱུར། ཉུང་མཐར་ཡང་མའོ་སིང་པུས་ཁིའི་དམག་མི10བསད་ཡོད་པ་དང་། གཞན་ཡང་དམག་མི་མང་བོར་རྨས་ཕོག་ཡོད་པར་མ་ཟད། རྩ་འཛུགས་དེར་ད་རུང་དམག་བཀོལ་སྒྲིག་ཆས་མང་བོ་ཐོབ་ཡོད་ཟེར།
ཐེངས་འདིའི་འཇབ་རྒོལ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་ཉེས་ཅན་གྱིས་ཟླ་ལྔ་བའི་ཚུན་ལ་ཏི་ཨར་ཅཱ་ཏུའུ་ཅོ་ཞིང་ཆེན་དུ་སྡོད་པའི་མའོ་སིང་པུས་ཁིའི་དྲག་ཆས་དམག་དཔུང་ལ་ཐེངས་གཉིས་པར་འཇབ་རྒོལ་བྱས་པ་རེད། ཟླ5བའི་ཚེས8ཉིན་གྱི་དགོང་མོར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་མའོ་སིང་པུས་ཁིའི་དྲག་ཆས་དམག་དཔུང་གི་མུའུ་དབྱེ་ཏོན་པེ་ས་ཁུལ་དུ་ཡོད་པའི་རྟེན་གཞིར་འཇབ་རྒོལ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།