ཁ་ཐུའུ་མུའ་ཆ་འཕྲིན་ལྟར་ན། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་དྲག་ཆས་རུ་དཔུང་གི་དམག་སྤྱི་པུའུ་ཨར་ཧན་གྱི་བདེན་བདག་འོག་ཏུ། ཁ་མིས་ཨར་དབྱི་ཏི་ལེ་སི་ཡིས་ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་རྒྱལ་ཁབ་དེའི་ཤར་ཕྱོགས་གྲོང་ཁྱེར་སུའུ་ཏན་ཀང་ནས་ཙུང་ལིའི་འགན་འཁུར་པ་ཁྱབ་སྒྲོག་བྱས་ཏེ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་པའི་ཚུན་གྱི་སུའུ་ཏན་གྱི་ཙུང་ལི་ཐོག་མར་གྱུར།
སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་ཏི་ལེ་སིས་འཛད་སྒོའི་སྟེང་ཁོས་ནུས་ཤུགས་ཡོད་རྒུ་བཏོན་ནས་སུའུ་ཏན་མི་དམངས་ལ་འཚོ་བ་ལེགས་པོ་ཞིག་གསར་སྐྲུན་བྱ་རྒྱུ་ཡིན་ཚུལ་བསྟན། མཛད་སྒོའི་རྗེས་སུ། པུའུ་ཨར་ཧན་དང་དབྱི་ཏི་ལེ་སི་གཉིས་ཀྱིས་ཚོགས་འདུ་བསྡུས་ནས། སུའུ་ཏན་སྲིད་གཞུང་གི་འདས་པའི་དུས་ཡུན་གང་འཚམ་རིང་ལ་དཔལ་འབྱོར་བརྟན་འཇགས་དང་དམངས་ཚིས་འགན་སྲུང་། མངའ་སྡེ་སོ་སོའི་འཚོ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་འབད་བརྩོན་བྱས་པའི་གནས་ཚུལ་སྐོར་གླེང་མོལ་བྱས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།