ནེ་ཀྲི་རི་ཡའི་ས་གནས་དཔོན་རིགས་ཀྱིས་ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་བྱང་ཤར་ས་ཆ་ནེ་རི་ཨར་མངའ་སྡེ་རུ་དྲག་ཆར་བབས་ནས་ཆུ་ལོག་བརྒྱུགས་ཏེ་མི་བརྒྱ་དང་ང་གཅིག་རྐྱེན་ལམ་དུ་ཤོར་ཟེར།
ནེ་ཀྲི་རི་ཡ་ལ་ལོ་རེའི་ཟླ་བཞི་བར་ཆར་ཆུ་འབབ་ཚད་ཤིན་ཏུ་མང་ལ། ཟླ་བཅུ་པའི་ནང་ད་གཟོད་འབབ་མཚམས་ཆད་པ་རེད། ཆར་ཆུའི་དུས་ཚིགས་སུ་ཆར་བ་བསྟུད་འབབ་བྱས་ན་ཆུ་ལོག་གི་འཇིགས་པ་ཡོང་ནས། མི་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།