དབྱི་ལང་ཨ་མན་གྱི་ཕྱི་འབྲེལ་དཔོན་གྱིས་དབྱི་ལིང་ལ་ཉིང་རྡུལ་གནད་དོན་ཐད་ཨ་མེ་རི་ཁས་བཏོན་པའི་གྲོས་གཞི་བརྒྱུད་སྒྲོག་བྱས།
2025.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལང་གི་ཕྱི་འབྲེལ་དཔོན་ཨ་ལ་ཀི་ཆིས་ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། ཨ་མན་ཕྱི་འབྲེལ་བློན་ཆེན་པཱ་ཏི་ཨར་གྱིས་ཉིན་དེར་ཏི་ཧེ་ལན་དུ་མཚམས་འདྲི་བྱེད་སྐབས། དབྱི་ལིང་ལ་ཉིང་རྡུལ་གནད་དོན་ཐད་ཨ་མེ་རི་ཁས་བཏོན་པའི་གྲོས་གཞི་བརྒྱུད་སྒྲོག་བྱས་ཟེར།

ཨ་ལ་ཀི་ཆིས་སྤྱི་འབྲེལ་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། པཱ་ཏི་ཨར་གྱིས་ཉིན་དེར་ཡུན་ཐུང་གི་མཚམས་འདྲི་བྱས་ནས། ཨ་མེ་རི་ཁའི་གྲོས་གཞི་བརྒྱུད་སྒྲོག་བྱས་བྱུང་། ང་ཚོས་མ་འོངས་པར་དབྱི་ལིང་གི་རྩ་དོན་དང་། རྒྱལ་ཁབ་ཀྱི་ཁེ་ཕན། མི་དམངས་ཀྱི་ཁེ་དབང་བཅས་གཞིར་བཟུང་ནས་ཕྱིར་ལན་སྤྲོད་ངེས་ཟེར།

དབྱི་ལང་དང་ཨ་མེ་རི་ཁ་གཉིས་ཀྱིས་ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁུ་ཐི་ནས་ཐོག་དང་པོའི་གཞན་བརྒྱུད་ཀྱི་གྲོས་ཚོགས་བསྡུས། དེ་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་གྲོས་མཐུན་ལས་ཕྱིར་བུད་རྗེས་ཀྱི་གྲོས་མོལ་ཐོག་དང་པོ་རེད། དེའི་རྗེས་སུ། དབྱི་ལིང་དང་ཨ་མེ་རི་ཁ་གཉིས་ཀྱིས་སོ་སོར་ཟླ་བཞི་པའི་ཚེས་བཅུ་དགུ་དང་ཚེས་ཉེར་དྲུག  ཟླ་ལྔ་པའི་ཚེས་བཅུ་གཅིག་དང་ཚེས་ཉེར་གསུམ་བཅས་ལ་གཞན་བརྒྱུད་ཀྱི་གྲོས་མོལ་ཐེངས་བཞིར་སྤེལ། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།