ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ནས། ཧ་མ་སི་རེས་སྐོར་གསར་བའི་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པར་འཐད་པ་ཡིན་ལ། རྩོད་གཞིའི་གནད་དོན་ངོས་ནས་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་ཟེར།
གསལ་སྒྲོག་ལས་བསྟན་དོན། ཧ་མ་སིས་གྲོས་ཆོད་ལ་འཐད་པ་བྱུང་ནས་ཅ་ཧྲ་ས་ཆའི་མི་དམངས་ལ་རོགས་སྐྱོར་ཐོབ་པ་དང་། མི་ཆོས་རིང་ལུགས་ཀྱི་སྐྱོ་གར་དང་བྲལ་ནས། མཐར་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་དུས་གཏན་དུ་མཚམས་བཞག་སྟེ། དབྱི་སི་རལ་གྱི་དམག་མི་ཕྱིར་འཐེན་བྱེད་པའི་རེ་བ་ཡོད་ཟེར། གསལ་སྒྲོག་ལས་ད་རུང་བསྟན་དོན། ཧ་མ་སིས་བར་འདུམ་པ་ཁ་ཐར་དང་ཨེ་ཅེབ་ཀྱིས་འདུམ་སྒྲིག་བྱས་ཏེ་འཐབ་འཁྲུག་མཇུག་བསྒྲིལ་ཏུ་བར་དགའ་བསུ་ཞུ་རྒྱུ་ཡིན་ཚུལ་བསྟན།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།