ཐུར་ཁེའི་སྲིད་འཛིན་བཞུགས་ཤག་ནས་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཝུའུ་ཁུ་ལན་གཉིས་ཀྱིས་ཚེས་གཉིས་ཉིན་ཐུར་ཁེའི་ནུབ་རྒྱུད་ཀྱི་གྲོང་ཁྱེར་དབྱི་སི་ཐན་པོར་ནས་རེས་སྐོར་གཉིས་པའི་ཐད་ཀའི་གྲོས་མོལ་བྱ་རྒྱུ་རེད།
ཐུར་ཁེའི་སྲིད་འཛིན་བཞུགས་ཤག་གིས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁུ་ལན་ཕྱོགས་གཉིས་ཀྱིས་དབྱི་སི་ཐན་པོར་ནས་ཞི་བདེའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་གདོང་ཐུག་ཐག་གཅོད་བྱེད་པའི་ཐད་ཀའི་གྲོས་མོལ་ཐེངས་གཉིས་པ་སྤེལ་རྒྱུ་རེད་ལ། ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་གི་སྟེང་གྲོས་མོལ་འགོ་རྩོམ་རྒྱུ་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།