འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་པའེ་ཨར་པའོ་ཁི་སྐབས་བརྒྱད་ཅུ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་།
2025.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས2ཉིན་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཨན་ན་ལའེ་ན་པའེ་ཨར་པའོ་ཁི་སྐབས་བརྒྱད་ཅུ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས།

པའེ་ཨར་པའོ་ཁི་ཡིས་བདམས་ཐོན་བྱུང་རྗེས་གཏམ་བཤད་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་ལ་སྲུང་སྐྱོབ་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་ལ་རོགས་རམ་བྱས་ནས་ཐུན་མོང་ངོས་འཛིན་འཚོལ་རྒྱུ་ཁས་ལེན་བྱས།

པའེ་ཨར་པའོ་ཁི་ཡིས་ད་ལོའི་ཟླ9པར་སྐབས་བརྒྱད་ཅུ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་འཁུར་རྒྱུ་ཡིན་པ་དང་། སྐབས་དོན་དགུ་པ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལུ་མིན་དབྱང་གི་ཚབ་བྱེད་རྒྱུ་ཡིན་ཞིང་། འགན་ཁུར་ཡུན་ལོ་གཅིག་རེད།

པའེ་ཨར་པའོ་ཁི་ནི1980ལོའི་ཟླ12པར་འཇར་མན་གྱི་ཧན་ནོ་ཝེ་ནས་སྐྱེས་པ་དང་། 2021ལོའི་ཟླ12པ་ནས་ད་ལོའི་ཟླ5པའི་བར་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་བ་རེད། ཁོ་མོས2013ལོ་ནས་བཟུང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་མིའི་འགན་འཁུར་བ་དང་། 2018ལོ་ནས2022ལོའི་བར་ལྗང་མདོག་ཏང་གི་མཉམ་འབྲེལ་ཀྲུའུ་ཞིའི་འགན་འཁུར་མྱོང་།

ཏིང་འཛིན་མཚོ་མོས་བསྒྱུར།