ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཚེས4ཉིན་བསྟན་དོན། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་ཉིན་གཉིས་ནས་གསུམ་བར་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དང་ལེན་མ་བྱས་པ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་རེད་ཟེར།
ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཉིན་དེར་སྲིད་གཞུང་གི་ཁོངས་མིའི་ཚོགས་འདུ་བསྡུས་པར་མ་ཟད་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་ལ་འབྲེལ་བའི་གནས་ཚུལ་གྱི་སྙན་ཞུར་ཉན། ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཚོགས་ཐོག་ཏུ་བཤད་རྒྱུར། ཨུ་རུ་སི་ཡིས་གྲོས་གཞི་བཏོན་པ་ནི་ཕྱོགས་གཉིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་སྣའི་བེམ་པོ་འོས་འཚམ་གྱིས་གཅིག་སྡུད་བྱེད་པ་དང་ཡང་ན་རྨས་མ་གནས་སྤོ་བྱེད་པའི་ཆེད་དུ་རེད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་གོང་གསལ་གྲོས་གཞི་དང་ལེན་མ་བྱས་པ་དེ་བསམ་ཡུལ་ལས་འདས་པ་ཞིག་མ་རེད་ཟེར།
ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། གནས་ཚུལ་གང་རུང་འོག འབྲེལ་འདྲིས་ཀྱི་བྱེད་ཐབས་སྲུང་འཛིན་བྱེད་པ་ནི་ཐབས་ལམ་ལེགས་ཤོས་ཤིག་ཡིན་ཏེ། ང་ཚོས་ཐོག་མར་མི་ཆོས་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ། ཁོས་མི་ཆོས་རིང་ལུགས་ཀྱི་བྱེད་ཐབས་ཕན་ཚུན་མཐུན་སྦྱོར་བྱས་ཚེ་ཀུན་སློང་བཟང་པོ་རྟོགས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་ཐུབ་པས། འདི་ནི་ད་ལྟའི་དུས་རིམ་ལ་ངེས་པར་དུ་མཁོ་བ་ཞིག་ཡིན་པར་བསྟན།
ལྷ་མོ་འཚོས་བསྒྱུར།