དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་གྱིས་ཡུ་གཅིག་འདུས་བྱེད་མཚམས་འཇོག་ཏུ་བཅུག་པ་ནི་དབྱི་ལིང་གི་ཁེ་ཕན་ལ་རྒྱབ་འགལ་བྱས་པར་བསྟན།
2025.06.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧྭ་མའེ་ནེ་དབྱི་ཡིས་ཚེས4ཉིན་བཤད་རྒྱུར། ཨ་རིའི་དབྱི་ལང་གིས་ཡུ་གཅིག་འདུས་བྱེད་མཚམས་འཇོག་ཏུ་བཅུག་པའི་དམིགས་ཡུལ་གཙོ་བོ་ནི་དབྱི་ལང་གི་འཕེལ་རྒྱས་ལ་བཀག་འགོག་བྱས་པར་མ་ཟད་དབྱི་ལང་གིས་ཕྱི་རྒྱལ་གྱི་སྟོབས་ཤུགས་ལ་བརྟེན་པར་བཙན་ཤེད་བྱས་པ་ཞིག་ཡིན་ཕྱིར། དབྱི་ལང་གིས་བཙན་སྐུལ་གྱི་བྱེད་ཐབས་འདི་དག་དང་ལེན་བྱས་མེད་ལ། ཡུ་གཅིག་འདུས་བྱེད་མཚམས་འཇོག་པ་ནི་དབྱི་ལང་གི་ཁེ་ཕན་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་པར་བསྟན།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲིན་གཏོང་གིས་ཚེས4ཉིན་བསྒྲགས་པ་ལྟར་ན། ཧྭ་མའེ་ནེ་དབྱི་ཡིས་ཉིན་དེར་དབྱི་ལང་གི་རྒྱལ་ས་ཐེ་ཧེ་རན་དུ་ཆེས་མཐོའི་གཙོ་འཛིན་ཟུར་པ་ཧའོ་མའེ་ནེ་སྐུ་གཤེགས་ནས་ལོ་ངོ་སོ་དྲུག་འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་མ་ཟད་གཏམ་བཤད་སྤེལ། ཧ་མའེ་ནེ་དབྱི་ཡིས་བསྟན་དོན། དབྱི་ལང་ལ་ཉིང་རྡུལ་འབར་རྫས་འཁོར་སྐྱོད་ཀྱི་ནུས་པ་ཡོད་པ་ནི་ང་ཚོས་བསྒྲུབ་ཐུབ་ཅེས་པར་ཡིད་ཆེས་བྱས་པའི་གྲུབ་འབྲས་ཡིན་ལ། ཨ་རིའི་བཏོན་པའི་བླང་བྱས་ང་ཚོས་བསྒྲུབ་ཐུབ་ཅེས་པའི་གསར་སྐྲུན་རང་བཞིན་གྱི་རྩ་དོན་ལ་རྒྱབ་འགལ་བྱས་པས། ཨ་རི་དང་དབྱི་སི་རལ་གྱིས་ཁོ་ཚོར་དབྱི་ལང་གི་ཉིང་རྡུལ་བཟོ་ལས་ལ་བཀག་འགོག་བྱེད་ཐབས་མེད་པ་ངེས་པར་དུ་ཤེས་དགོས་ཟེར།

ཧྭ་མའེ་ནེ་དབྱི་ཡིས་བཤད་རྒྱུར། ཨ་རིའི་ཉིང་རྡུལ་གནད་དོན་ཐད་ཀྱི་གཏམ་བརྗོད་དང་བླང་བྱ་ནི་ངོ་བོའི་སྟེང་ནས་དབྱི་ལང་ལས་རིགས་དེར་ཞུགས་པའི་ཁེ་དབང་དང་དེས་མི་དམངས་ལ་བསྐྲུན་པའི་ཁེ་ཕན་སྣ་ཚོགས་མེད་པར་བཟོས་པ་ཞིག་ཡིན་ལ། རྩ་བ་ནི་དབྱི་ལང་གི་ཡར་ཐོན་དང་འཕེལ་རྒྱས་ལ་ངོ་རྒོལ་བྱས་པ་ཞིག་རེད། དབྱི་ལང་གི་གདམ་ག་དེ་རང་ཉིད་ཀྱི་ལག་ཏུ་ཡོད་པ་དང་། ཨ་རིར་དབྱི་ལང་གིས་ཡུ་གཅིག་འདུས་བྱེད་མིན་ལ་ཐེ་གཏོགས་བྱེད་པའི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་པར་བསྟན།

ཨ་མན་གྱི་འདུམ་འགྲིག་རྐྱེན་སྲོལ་འོག ཨ་རི་དང་དབྱི་ལང་གིས་ད་ལོའི་ཟླ4པའི་ཚུན་ལ་བརྒྱུད་པའི་གྲོས་མོལ་ཐེངས་ལྔ་བྱས་ནས་འཕེལ་རིམ་ངེས་ཅན་ལ་སླེབས་མོད། ཕྱོགས་གཉིས་ཀྱི་སྲོག་ཤིང་གནད་དོན་ཁ་ཤས་ཐད་ཀྱི་འགལ་བ་སྔར་བཞིན་འབུར་ཐོན་ཡིན། ཨ་རིའི་ཕྱོགས་ཀྱིས་དབྱི་ལང་གིས་ཕྱོགས་ཡོངས་ནས་རིམ་པ་སོ་སོའི་ཡུ་ཉུང་བསྡུས་བྱེད་སྒོ་མཚམས་འཇོག་དགོས་པ་རྒྱུན་འཁྱོངས་བྱས་པ་དང་། དབྱི་ལང་ཕྱོགས་ཀྱིས་ཡུ་ཉུང་བསྡུས་བྱེད་སྒོ་འོས་འཚམ་གྱིས་སྤེལ་བ་ནི་ཞི་བའི་སྒོ་ནས་ཉིང་ནུས་དབང་ཆ་སྤྱོད་པའི་ཆ་ཤས་ཤིག་ཡིན་ཕྱིར། ཚང་མ་ཉུང་བསྡུས་ཀྱི་བླང་བྱ་དང་ལེན་མི་བྱེད་པ་ནན་གྱིས་བསྟན།

ལྷ་མོ་འཚོས་བསྒྱུར།