ཚེས5ཉིན་གྱི་དགོང་མོ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། ལེ་པ་ནོན་གྱི་རྒྱལ་ས་པེ་ལུའུ་ཐི་ལྷོ་རྒྱུད་ཀྱི་ཏའེ་ཞི་ཡེ་ས་ཁུལ་གྱི་འཇིགས་སྐུལ་དམིགས་འབེན་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བཤད། ཉེ་སྔོན་དབྱི་སི་རལ་གྱི་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གིས་ཏའེ་ཞི་ཡེ་ས་ཁུལ་དུ་བཙུགས་པའི་མི་མེད་གནམ་གྲུའི་ཐོན་སྐྱེད་སྒྲིག་ཆས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཉིན་དེའི་དགོང་མོར་དབྱི་སི་རལ་གྱི་དམག་དཔུང་གིས་གསལ་བསྒྲགས་སྤེལ་ནས། ཏང་ཞི་ཡེ་ས་ཁུལ་གྱི་གྲོང་མིའི་ཁུལ་དུ་བཙུགས་པའི་ས་འོག་མི་མེད་གནམ་གྲུའི་ཐོན་སྐྱེད་རྨང་གཞིའི་སྒྲིག་བཀོད་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། གསལ་བསྒྲགས་ནང་དབྱི་སི་རལ་དང་ལེ་པ་ནོན་བར་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་བྱུང་མོད། འོན་ཀྱང་དབྱི་སི་རལ་གྱི་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གིས་དབྱི་ལིང་གི་མཛུབ་ཁྲིད་དང་རོགས་སྐྱོར་འོག་མི་མེད་གནམ་གྲུ་སྟོང་ཕྲག་ཁ་ཤས་ཐོན་སྐྱེད་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཞེས་འཁོད་ཡོད་པ་རེད།
གསལ་བསྒྲགས་ནང་དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་སི་རལ་དང་དེ་མིན་མི་སེར་གྱི་བདེ་འཇགས་ལ་འཇིགས་སྐུལ་བྱེད་པའི་སྟོབས་ཤུགས་ཡོད་ཚད་ལ་དམིགས་ནས་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞེས་དང་། ཀྲིན་ཀྲུའུ་ཏང་ལ་ཡང་བསྐྱར་འཇིགས་སྐུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་དུ་འཇུག་མི་སྲིད་ཅེས་འཁོད་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།