དབྱི་སི་རལ་གྱི་དམག་དཔུང་གིས་ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱིས་འཕེན་གཏོང་བྱས་པའི་འཕུར་མདེལ་ཞིག་བཀག་ཡོད་ཅེས་བཤད།
2025.06.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས5ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། དགོང་མོ་དེར་མཁའ་དམག་གིས་ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་འཕངས་པའི་འཕུར་མདེལ་ཞིག་བཀག་འགོག་བྱས་ཡོད་ཅེས་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཡེ་ལུའུ་ས་ལེམ་ནས་མཁའ་ཟོན་ཉེན་བརྡ་དང་འབར་གས་ཀྱི་སྒྲ་ཐོས།  གསར་འགོད་པའི་ལག་ཁྱེར་ཁ་པར་དུ་སྒྲིག་སྦྱོར་བྱས་པའི་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། ཟི་ཧེ་རྒྱ་མཚོའི་འགྲམ་དང་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་ཡིའུ་ཐའེ་པའི་གཞིས་ཁུལ་ཁག་ཅིག་ཏུ་ཡང་མཁའ་ཟོན་ཉེན་བརྡ་གྲག་ཡོད་པ་རེད།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན།  ཟླ3པའི་ཚེས་18ཉིན། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སླར་གསོ་བྱས་པ་ནས་བཟུང་།  ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་ལ་མདེལ་ལམ་འཕུར་མདེལ40ལྷག་ཙམ་འཕངས་པ་དང་། མི་མེད་གནམ་གྲུ་བཅུ་ཕྲག་ཁ་ཤས་བཏང་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།