འཇར་མན་གྱི་ཕྱི་འབྲེལ་དཔོན་པོས་ཅཱ་ཧྲ་ས་ཁུལ་ལ་རོགས་སྐྱོར་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2025.06.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཝ་ཏི་ཧྥུའུ་ཨར་གྱིས་ཚེས5ཉིན་པེར་ལིན་དུ་དབྱི་སི་རལ་གྱི་ཕྱི་འབྲེལ་དཔོན་པོ་སཱ་ཨར་དང་ཐུག་འཕྲད་བྱེད་སྐབས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་གཞིས་ཆགས་ས་བཙུགས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བར་སྐྱོན་བརྗོད་བྱས།

ཝ་ཏི་ཧྥུའུ་ཨར་གྱིས་འཇར་མན་གྱིས་མུ་མཐུད་དུ་དབྱི་སི་རལ་ལ་དྲག་ཆས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་ཁས་ལེན་བྱས་ཀྱང་། དེ་དང་མཉམ་དུ་དབྱི་སི་རལ་གྱིས་མགྱོགས་མྱུར་ངང་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན། ཁོས་མིག་སྔར་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མང་པོ་བྱེད་ཀྱིན་མེད་པས། ཁོས་བཤད་རྒྱུར། ཡང་བསྐྱར་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་སྐུལ་མ་བཏང་བ་དང་། རོགས་སྐྱོར་དེས་མི་ཆོས་དང་འདྲ་མཉམ། དྲང་གཞག སྒེར་ཚུགས་བཅས་ཀྱི་རྩ་དོན་སྲུང་འཛིན་བྱེད་པར་མ་ཟད། ཚད་བཀག་མི་ཐེབས་པར་བྱེད་དགོས་ཟེར།

དེ་དང་མཉམ་དུ། ཝ་ཏི་ཧྥུའུ་ཨར་གྱིས་ད་རུང་དབྱི་སི་རལ་སྲིད་གཞུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་གཞིས་ཆགས་ས་ཉེར་གཉིས་འཛུགས་པའི་ཆོད་དོན་ལ་ཆོག་མཆན་བཀོད་པར་སྐྱོན་བརྗོད་བྱས་ཤིང་། བྱ་སྤྱོད་དེས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཞིང་། དབྱི་སི་རལ་དང་ཕ་ལེ་སི་ཐིན་ཞི་བདེ་མཉམ་གནས་ཀྱི་རྒྱལ་ཁབ་གཉིས་ཀྱི་ཐག་གཅོད་ཇུས་གཞིར་བཀག་འགོག་བྱས་པར་འདོད། ཝ་ཏི་ཧྥུའུ་ཨར་གྱིས་དབྱི་སི་རལ་གྱི་ནེ་ཀི་ནང་ཁུལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་བདག་བཟུང་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། དེས་དབྱི་སི་རལ་གྱི་མཚན་སྙན་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད་པར་བསྟན།

ལྷ་མོ་འཚོས་བསྒྱུར།