འཇར་མན་རྒྱལ་སྲུང་པུའུ་ཀྲང་གིས་དམག་དཔུང་རྒྱ་བསྐྱེད་དེ་བྱང་ཆིངས་དམག་ཤུགས་རྒྱ་བསྐྱེད་འཆར་གཞིའི་དགོས་མཁོ་བསྐང་དགོས་ཟེར།
2025.06.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས5ཉིན། འཇར་མན་རྒྱལ་སྲུང་པུའུ་ཀྲང་པོའོ་ལིས་སི་ཕེས་སི་ཐའོ་ལིས་བུའུ་སི་ཡིས་ཚེས་ལྔ་ཉིན་གྱི་བྱང་ཆིངས་རྒྱལ་སྲུང་པུའུ་ཀྲང་གྲོས་ཚོགས་ལ་མ་ཞུགས་གོང་དུ་སྨྱན་བྱེད་ཁག་ལ་བསྟན་དོན།  འཇར་མན་གྱིས་བྱང་ཆིངས་ཀྱི་གཞི་ཁྱོན་ཆེ་བའི་དམག་ཤུགས་རྒྱ་བསྐྱེད་འཆར་གཞིར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། དེའི་ཕྱིར།   འཇར་མན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་དམག་དཔུང་གིས་དམག་མི་ཁྲི་དྲུག་ཁ་སྣོན་བྱེད་དགོས།

  ཕིས་སི་ཐའོ་ལིས་བུའུ་སི་ཡིས་བཤད་རྒྱུར།  བྱང་ཆིངས་དམག་ཤུགས་རྒྱ་བསྐྱེད་འཆར་གཞི་ཐེངས་འདིའི་གྲོས་ཚོགས་ཀྱི་སྔོན་ལ་ཆོག་མཆན་ཐོབ་ངེས་ཡིན་ལ།  ང་ཚོས་བྱང་ཆིངས་དམག་དོན་རྒྱ་བསྐྱེད་འཆར་གཞིའི་ཚད་ཆེ་ཤོས་ཤིག་འགན་ལེན་བྱེད་རྒྱུ་ཡིན་ཟེར།

དམག་བསྡུའི་འོས་འགན་སླར་གསོ་བྱེད་དགོས་མིན་ཐད་གྲོས་མོལ་བྱེད་སྐབས།    ཕིས་སི་ཐའོ་ལིས་བའོ་སི་ཡིས་བསྟན་དོན།  མིག་སྔར་འཇར་མན་རྒྱལ་ཁབ་ལ་འབྲེལ་ཡོད་སྦྱོང་བརྡར་དང་ཞག་སྡོད་ཀྱི་རྨང་གཞིའི་སྒྲིག་ཆས་མེད་པས།  སྔར་བཞིན་དང་བླངས་དམག་མིའི་རྐྱེན་སྲོལ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པར་མ་ཟད།  རིམ་བཞིན་འབྲེལ་ཡོད་ནུས་ཤུགས་རྒྱ་བསྐྱེད་བྱེད་རྒྱུ་ཡིན་ཟེར།

བྱང་ཆིངས་དྲུང་ཡིག་ཆེན་མོ་ལེའུ་ཐི་ཡིས་ཚེས4ཉིན་པོའུ་ལོའོ་ཟེ་ཨར་དུ་བསྟན་དོན།  བྱང་ཆིངས་ལ་དེ་ལས་མང་བའི་ཐོན་ཁུངས་དང་དམག་དཔུང་།  ནུས་ཤུགས་ལ་བརྟེན་ནས་འཇིགས་སྐུལ་གང་རུང་ལ་ཁ་གཏད་འཇལ་དགོས་པ་མ་ཟད།  ཁྱོན་ཡོངས་ནས་བྱང་ཆིངས་ཐུན་མོང་གི་འགོག་སྲུང་འཆར་གཞི་ལག་བསྟར་བྱེད་དགོས་ཟེར།  ཁོས་ནན་གྱིས་བསྟན་དོན།  མིག་སྔའི་ཁ་ཚ་དགོས་གཏུག་གི་བྱ་བ་ནི་མཁའ་ཟོན་བཀོད་སྒྲིག་དང་འཕུར་མདའི་འགོག་སྲུང་།  རྒྱང་འཕེན་མཚོན་ཆའི་མ་ལག་སོགས་ལ་ཤུགས་སྣོན་བྱེད་དགོས་ཟེར།

འཇར་མན་རྒྱལ་སྲུང་པུའུ་ཡི་གཞི་གྲངས་ལྟར་ན།  2024ལོའི་ལོ་སྨད་བར་དུ།  འཇར་མན་གྱི་དམག་མིའི་གྲངས་ཀ་ཧ་ལམ་འབུམ་གཅིག་ཁྲི་བརྒྱད་སྟོང་གཅིག་ལྷག་ཡོད།  དེ་སྔོན།  ཕིས་སི་ཐའོ་ལིས་བའོ་སི་ཡིས་མ་འོང་པར་འཇར་མན་དམག་དཔུང་གི་གཙོ་ཤུགས་དམག་དཔུང་ཧ་ལམ་འབུམ་བཞི་ཁྲི་དྲུག་ལ་འཕར་སྣོན་བྱེད་རྒྱུ་ཡིན་ལ།  དེའི་ཁྲོད་དངོས་ཞབས་དམག་མི་འབུམ་གཉིས་སྟོང་གསུམ་ལྷག་དང་གྲ་སྒྲིག་དམག་མི་འབུམ་གཉིས་ཁྲི་དྲུག་ལྷག་ཡོད།  ཁོས་ད་དུང་ཁྱབ་བསྒྲགས་བྱས་དོན།  འཇར་མན་གྱིས་གཞི་ཁྱོན་ཆེ་བའི་དམག་དཔུང་གསར་བ་སྒྲིག་འཛུགས་བྱས་པར་མ་ཟད་ཕྱོགས་ཡོངས་ནས་སྒྲིག་ཆས་གྲ་སྒྲིག་བྱེད་འཆར་ཡོད་ཟེར།

དམིགས་ཡུལ་དེ་འགྲུབ་ཆེད།  ད་ལོའི་ཟླ3པར།  འཇར་མན་གྱི་སྲིད་འཛིན་ཧྲི་ཐའེ་ཡིན་མའེ་ཨེར་གྱིས《གཞི་རྩའི་བཅའ་ཁྲིམས》དག་བཅོས་འཆར་ཟིན་ལ་མིང་རྟགས་བཀོད་པ་དང་།  བུ་ལོན་བསྒགས་པའི་དོན་ཚན་གྱི་ཚོད་འཛིན་ཇེ་ལྷོད་དུ་གཏོང་བ།  སྲིད་གཞུང་གིས་གཞི་རྒྱ་ཆེ་བའི་སྒོ་ནས་རྒྱལ་སྲུང་ལ་བུན་གཡར་དངུལ་གཏོང་བྱེད་པ་དང་གཞི་རྩའི་སྒྲིག་ཆས་འཛུགས་བསྐྲུན་བྱེད་ཆོག་པར་བྱས་ནས།  འཇར་མན་གྱིས་ཡོབ་གླིང་འགོག་སྲུང་ཁྲོད་ཀྱི་འགན་ནུས་མང་བོར་རོགས་སྐྱོར་འདོན་སྤྲོད་བྱེད་པའི་འོས་འགན་ཁུར་ཡོད།

ཟླ་འདིའི་ཟླ་སྨད་དུ།  བྱང་ཆིངས་ཀྱི་ཁོངས་ཞུགས་རྒྱལ་ཁབ་སོ་སོའི་རྒྱལ་སྲུང་པུའུ་ཀྲང་གིས་མ་འོངས་པར་ཧོ་ལན་ཧེ་ཡ་རུ་སྤེལ་བའི་བྱང་ཆིངས་དབུ་ཚོགས་སྟེང་རྒྱལ་སྲུང་འགྲོ་གྲོན་གྱི་མཇུག་མཐའི་དམིགས་ཡུལ་གཏན་ཁེལ་བྱེད་རྒྱུ་ཡིན་ལ།  སྐབས་དེར་ཁུངས་ཞུགས་རྒྱལ་ཁབ་ཀྱི་དམག་དཔུང་དང་དམག་མིའི་ཁ་གྲངས་ལ་ཤུགས་རྐྱེན་ཐེབས་སྲིད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།