ཚེས5ཉིན།ཨ་རིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན4ལ་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་བྱས་རྗེས།རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་གསལ་བསྒྲགས་སྤེལ་ནས་རྒོལ་གཏམ་བཏང་བ་རེད། དབྱི་སི་རལ་གྱི་ཙུང་ལིས་ནེ་ཐ་ཉི་ཡ་ཧུའུ་ཡིས་ཨ་རི་ཕྱོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་ལ་བཀག་སྡོམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
ཚེས5ཉིན།རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་གསལ་བསྒྲགས་སྤེལ་ནསབཤད་རྒྱུར།ཨ་རི་ཕྱོགས་ཀྱི་བཀག་སྡོམ་བྱེད་ཐབས་ནི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་འཁོར་སྐྱོད་ལ་མངོན་གསལ་གྱིས་ཐེ་གཏོགས་བྱས་པ་ཞིག་ཡིན་ཞིང་།འགན་འཁྲི་བདའ་འདེད་བྱ་རྒྱུར་འབད་མཁན་དེ་དག་ལ་དམིགས་པ་ལས་གདོང་ཐུག་གི་གནས་སུ་གྱུར་པའི་མི་སེར་ལ་རོགས་རམ་བྱ་རྒྱུར་ཕན་ཐོགས་ཅི་ཡང་མེད་ཅེས་བཤད།
ཚེས6ཉིན།དབྱི་སི་རལ་གྱི་ཙུང་ལིས་ནེ་ཐ་ཉི་ཡ་ཧུའུ་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས།སྲིད་འཛིན་ཐི་ལང་ཕུའུ་དང་རྒྱལ་དོན་བློན་ཆེན་ལུའུ་པིས་ཨའོ་ཡིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཆབ་སྲིད་ཅན་གྱི་ཁྲིམས་དཔོན་ལ་བཀག་སྡོམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ཚེས5ཉིན།ཨ་རི་སྲིད་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨ་རི་ཕྱོགས་ཀྱི་མི་སྣར་བརྟག་དཔྱད་བྱས་པ་དང་།དབྱི་སི་རལ་གྱི་ཙུང་ལིས་དང་སྔོན་ཆད་ཀྱི་རྒྱལ་སྲུང་དཔོན་ལ་འཛིན་བཟུང་བཀའ་རྒྱ་བཏང་བ་རྒྱུ་མཚན་དུ་བྱས་ནས།ཁྲིམས་ཁང་དེའི་ཁྲིམས་དཔོན4ལ་དཔལ་འབྱོར་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་མི་གཉིས་ལ་བཀག་སྡོམ་བྱས་པའི་རྒྱུ་མཚན་ནི།རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཨ་ཧྥུའུ་ཧན་དུ་ཡོད་པའི་ཨ་རིའི་མི་སྣར་བརྟག་དཔྱད་བྱ་རྒྱུའི་དབང་ཆ་སྤྲད་པའི་ཁྲུན་ཐག་བཅད་པ་དང་།མི་གཞན་གཉིས་ལ་བཀག་སྡོམ་བྱས་པའི་རྒྱུ་མཚན་ནི།རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་དབྱི་སི་རལ་གྱི་ཙུང་ལིས་ནེ་ཐ་ཉི་ཡ་ཧུའུ་དང་རྒྱལ་སྲུང་པུའུ་ཀྲང་ཟུར་པ་ཅ་ལན་ཐི་ལ་འཛིན་བཟུང་བཀའ་རྒྱ་བཏང་བའི་ཁྲུན་ཐག་བཅད་པའི་རྐྱེན་གྱིས་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།