ཚེས6ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་མགྲིན་ཚབ་པས་སྨྱན་བྱས་ལས་བརྡ་ཐོ་སྤེལ་ནས། ཅ་ཧྲའི་བྱང་རྒྱུད་ཀྱི་ཁྲོམ་གཞུང་ཁག་ཅིག་གི་མང་ཚོགས་ས་ཁོངས་དེ་ནས་མགྱོགས་མྱུར་ངང་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་། དེ་ནི་འཇབ་རྒོལ་མ་བྱས་གོང་གི་ཉེན་བརྡ་ཞིག་ཡིན་ཞེས་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱས་ནས་ས་ཁོངས་གང་རུང་ལ་འཇབ་རྒོལ་བྱ་རྒྱུ་ཡིན་ཞེས་བཀོད་ཡོད། བརྡ་ཐོའི་ནང་གོང་གསལ་གྱི་དམག་འཁྲུག་བྱེད་སའི་ས་ཁུལ་དུ་ཕྱིར་ལོག་ན་ཚེ་སྲོག་ལ་ཉེན་ཁ་ཡོད་ཅེས་ཐ་ཚིག་བསྒྲགས་ཡོད།
བརྡ་ཐོ་དེའི་ནང་ད་དུང་ས་ཁྲ་ཞིག་ཟུར་དུ་བཀོད་པ་དང་རི་མོའི་ནང་ཅ་ཧྲ་གྲོང་ཁྱེར་གྱི་བྱང་རྒྱུད་ཀྱི་ས་ཁོངས་མང་པོ་ཞིག་ལ་དམར་ཐིག་བཀོད་ཡོད་པར་མ་ཟད། ཉེན་ཁ་ཆེ་བའི་དམག་འཁྲུག་ས་ཁུལ་ཞེས་པའི་ཡི་གེ་ཡང་གསལ་པོར་བཀོད་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།