ཚེས8ཉིན། ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་རོགས་སྐྱོར་དངོས་ཟོག་བགོ་ས་གཉིས་ཀྱི་ཉེ་འགྲམ་དུ་ཕ་ལེ་སི་ཐན་གྱི་མི5བསད་ཡོད་པ་རེད།
གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ལ་ཧྥ་ས་ཁུལ་གྱི་རོགས་སྐྱོར་དངོས་ཟོག་བགོ་སྤྲོད་བྱེད་ས་ཞིག་གི་ཉེ་འགྲམ་དུ་ཕ་ལེ་སི་ཐན་གྱི་མི4བསད་པ་དང་། གཞན་ཡང་མི70ཙམ་ལ་རྨས་ཕོག་ཡོད། དབུས་རྒྱུད་ཀྱི་ནེ་ཐི་ཀྲ་ལི་མུའུ་ཁྱམས་ལམ་གྱི་རོགས་སྐྱོར་དངོས་ཟོག་བགོ་སྤྲོད་བྱེད་ས་ཞིག་གི་ཉེ་འགྲམ་དུ། དབྱི་སི་རལ་གྱི་དམག་དཔུང་གིས་ཕ་ལེ་སི་ཐན་གྱི་མི1བསད་པ་རེད། གཞན་ཡང་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་མ་ཝ་ཞིས་ས་ཁུལ་ལ་འབར་མདེལ་འཕངས་ནས་མི5རྐྱེན་ལམ་དུ་ཤོར།
དབྱི་སི་རལ་ཕྱོགས་ཀྱིས་གནས་སྐབས་སུ་གནས་ཚུལ་སྤེལ་བར་ལན་ཅི་ཡང་བཏབ་མེད།
ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས7ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ3པའི་ཚེས18ཉིན་ནས་བཟུང་དབྱི་སི་རལ་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི4497རྐྱེན་ལམ་དུ་ཤོར་བ་དང་མི13793ལ་རྨས་ཕོག་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།