དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཡེ་མིན་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་དུ་གཏོང་འཕེན་བྱས་པའི་འཕུར་མདའ་ཞིག་བདེ་བླག་ངང་བཀག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཕུར་མདའ་དེ་དབྱི་སི་རལ་གྱི་མངའ་ཁོངས་སུ་མ་བསླེབས་གོང་དབྱི་སི་རལ་གྱི་ས་གནས་རང་གི་དམག་སྤྱི་པུའུ་ཡིས་འཕུར་མདའི་འཇབ་རྒོལ་ཐེབས་པའི་ཉེན་བརྡ་བཏང་ཡོད། འཕུར་མདའ་བཀག་འགོ་བྱེད་སྐབས་ཆག་རོ་འབྱུང་སྲིད་པས་དབྱི་སི་རལ་གྱིས་བཀག་འགོག་བྱེད་སྤྱད་ཀྱི་འཕུར་མདའ་མང་བོ་གཏོང་འཕེན་བྱས་པ་རེད་ཟེར།
གསར་འགོད་པས་ཡེ་ལུའུ་སཱ་ལེམ་ནས་མཁའ་སྲུང་མ་ལག་གིས་བཀག་འགོག་བྱེད་སྐབས་བྱུང་བའི་འགས་གཏོར་གྱི་སྒྲ་ཐེངས་མང་ཐོས་པ་དང་། གསར་འགོད་པའི་ཁ་པར་གྱི་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། དབྱི་སི་རལ་གྱི་དབུས་ཕྱོགས་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་སྡེ་ཁུལ་དུ་མཁའ་སྲུང་ཉེན་བརྡ་བཏང་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།