ཨ་མེ་རི་ཁའི་ལོ་ཧྲན་ཅི་གྲོང་ཁྱེར་གྱི་ཧྲི་ཀྲང་པཱ་སི་ཡིས་ཚེས10ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། ས་དེའི་ཚེས10ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ནས་ཚེས11ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་བར་གྲོང་ཁྱེར་ལྟེ་གནས་ཀྱི་ས་ཁོངས་ཤིག་ཏུ་མཚན་མགྲོན་འགོག་རྒྱུ་ཡིན་ཟེར།
པཱ་སི་ཡིས་ས་དེར་ཛ་དྲག་གི་གནས་བབ་བྱུང་བ་དང་། གྲོང་ཁྱེར་ལྟེ་གནས་ཀྱི་དབྱིན་ལེ་ངོས་སྙོམས་གྲུ་བཞི་མ་གཅིག་ཙམ་གྱི་ས་ཁོངས་སུ་མཚན་མགྲོན་བཀག་ནས། གཏོར་བརླག་དང་འཕྲོག་བཅོམ་བྱེད་པར་སྔོན་འགོག་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།