སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས11ཉིན་ཁྱབ་བསྒྲགས་བྱས་དོན། ལི་པུ་ཡཱ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་དང་འདབས་འབྲེལ་དུ་ཡོད་པའི་མཐའ་མཚམས་ཟུར་གསུམ་གླིང་ས་ཁུལ་ནས་ཕྱིར་འཐེན་བྱས་ཡོད་ཟེར།
སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཁང་གིས་ཉིན་དེར་གསལ་སྒྲོག་ཐུང་ངུ་སྤེལ་ཏེ། བཙན་འཛུལ་འགོག་རྒོལ་བྱེད་པའི་འགོག་སྲུང་གི་བཀོད་སྒྲིག་ཅིག་ཡིན་པའི་ཆ་ནས། དམག་དཔུང་དེ་ཉིན་དེར་མཐའ་མཚམས་ཟུར་གསུམ་གླིང་ས་ཁུལ་ནས་ཕྱིར་འཐེན་བྱས་ཟེར།
སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས། ཉིན་དེའི་སྔ་དྲོར། སུའུ་ཏན་དྲག་ཆས་དམག་དཔུང་ལ་མཐའ་མཚམས་ཟུར་གསུམ་གླིང་ས་ཁུལ་ནས་མི་སྣར་ཤི་རྨས་ཚབས་ཆེན་ཐེབས་པ་དང་སྒྲིག་ཆས་ལ་གྱོང་གུད་ཚབས་ཆེན་ཐེབས་རྗེས་ལྷོ་ཕྱོགས་སུ་ཕྱིར་འཐེན་བྱས་པ་དང་། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མྱུར་མོར་ས་ཁུལ་དེ་བདག་བཟུང་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།