དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁའི་བར་མྱུར་མོར་ཉིང་རྡུལ་ནུས་པའི་གྲོས་མཐུན་འགོད་སྲིད་པའི་ཚུལ་བསྟན།
2025.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས11ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་དང་ཨ་མེ་རི་ཁས་མྱུར་མོར་ཉིང་རྡུལ་ནུས་པའི་གྲོས་མཐུན་འགོད་ཀྱང་སྲིད་ཟེར།

ཁོས་རྩོམ་ཡིག་ནང་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁས་ཟླ་འདིའི་ཚེས15ཉིན་གྲོས་མོལ་སླར་གསོ་བྱེད་རྒྱུ་ཐག་བཅད་ཡོད་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིའི་ཞི་བདེའི་རང་བཞིན་སྲུང་འཛིན་བྱེད་པར་འགན་སྲུང་བྱེད་པའི་གྲོས་མཐུན་ཞིག་བཀོད་ཆོག་ཆོག་ཡིན་པ་དང་། གྲོས་མཐུན་དེ་མྱུར་མོར་འགོད་ཐུབ་ཀྱང་སྲིད་ཟེར།

ཁོས་ད་རུང་བསྟན་དོན། གཉིས་ཕན་གྱི་མཇུག་འབྲས་དེ་དབྱི་ལིང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཕྱོགས་ཡོངས་ལྟ་རྟོག་འོག་མུ་མཐུད་དུ་ཉིང་རྡུལ་ནུས་པའི་ཞིབ་འཇུག་འཆར་གཞི་ལག་བསྟར་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བར་རག་ལས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།