དབྱི་ལིང་གིས་རྒྱལ་ས་ཏི་ཧེ་ལན་ལ་མུ་མཐུད་དུ་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས།
2025.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་ཚེས14ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་ཡས་མས་སུ། དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ལ་ཡང་བསྐྱར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་དྲག་པོ་ཐེབས་ཡོད་པ་དང་། གྲོང་ཁྱེར་གྱི་མཁའ་དབྱིངས་སུ་འགས་གཏོར་གྱི་སྒྲ་བར་མེད་དུ་གྲགས་བཞིན་ཡོད། གསར་འགོད་པས་མི་མེད་གནམ་གྲུ་བཀག་ནས་འོད་སྣང་ཕྱོགས་བཞིར་ཆེད་པ་མཐོང་བ་དང་། མི་མེད་གནམ་གྲུ་འཕུར་བའི་སྒྲ་ཐོས་ཐུབ། མིག་སྔར་ཏི་ཧེ་ལན་གྲོང་ཁུལ་གྱི་གནས་བབ་གནས་སྐབས་སུ་ཞི་འཇགས་རེད་ཟེར།

ཚེས13ཉིན་གྱི་ཞོགས་པ་དང་དགོང་མོར། དབྱི་སི་རལ་གྱིས་ཏི་ཧེ་ལན་སོགས་དབྱི་ལིང་གི་ས་ཁུལ་མང་བོར་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་པ་དང་། དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་དང་དམག་དོན་དམིགས་འབེན་ལ་འགས་གཏོར་བཏང་ནས། མི་སྣ་མང་བོར་ཤི་རྨས་བཟོས་ཡོད། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་ལ་ཆམ་ཕབ་བཏང་ནས་ཉིན་འགའ་འགོར་ཡོད། དབྱི་ལིང་གི་ཕྱིར་རྒོལ་ལན་སྤྲད་ནས་དབྱི་སི་རལ་ལ་འཕུར་མདའ་དང་མི་མེད་གནམ་གྲུའི་ཆམ་ཕབ་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།