ཐི་ལིང་ཕུའུ་ཡིས་ཁོ་དང་ཕུའུ་ཅིན་གྱིས་བལྟས་ན་དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་མཇུག་སྒྲིལ་དགོས་པར་བསམ་ཡོད་པའི་ཚུལ་བསྟན།
2025.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས14ཉིན་བཤད་རྒྱུར། ཁོས་ཉིན་དེར་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅི་ལ་ཁ་པར་བཏང་སྟེ། དབུས་ཤར་གྱི་གནས་བབ་དང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལ་གྲོས་བསྡུར་བྱས། ཁོ་དང་ཕུའུ་ཅིན་གྱིས་བལྟས་ན་དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་མཇུག་སྒྲིལ་དགོས་པར་བསམ་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོ་དང་ཕུའུ་ཅིན་གྱིས་དུས་ཚོད་གཅིག་ཙམ་ལ་ཁ་པར་གྲོས་མོལ་བྱས་པ་དང་། ཕུའུ་ཅིན་དབྱི་ལིང་ལ་རྒྱུས་ལོན་ཆེན་པོ་ཡོད་ཅིང་། ཁོས་ང་དང་འདྲ་བར་དབྱི་སི་རལ་དང་དབྱི་ལིང་བར་གྱི་འཐབ་འཁྲུག་དེ་མཇུག་སྒྲིལ་དགོས་པར་བསམ་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཟུང་དམག་མང་བོ་བརྗེ་སྤོར་བྱེད་བཞིན་ཡོད་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་གཟའ་འཁོར་རྗེས་མར་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་རེད་ཟེར། ཁོས་ད་རུང་ཁ་པར་གཏོང་སྐབས་ཕུའུ་ཅིན་ལ་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་ཡང་མཇུག་སྒྲིལ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།