ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས14ཉིན་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་གནས་བབ་དང་། དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་འགུལ་སྐྱོད་སྤེལ་བར་གྲོས་བསྡུར་བྱས།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་སྐར་མ་ལྔ་བཅུའི་རིང་ཕན་ནུས་ལྡན་པའི་གྲོས་མོལ་བྱས། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཟུང་དམག་བརྗེ་སྤོར་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཨུ་རུ་སི་ཡིས་ཟླ6པའི་ཚེས22ཉིན་མུ་མཐུད་དུ་ཝུའུ་ཁི་ལན་བར་གྲོས་མོལ་བྱེད་འདོད་ཡོད་པ་ཁས་ལེན་བྱས། ཕུའུ་ཅིན་གྱིས་དབྱི་སི་རལ་གྱིས་དབྱི་ལིང་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་བཏང་བ་དང་། རྒྱལ་ཁབ་དེ་གཉིས་ལ་བར་འདུམ་བྱེད་འདོད་ཡོད་པའི་ཚུལ་བསྟན་ཟེར།
ཐི་ལིང་ཕུའུ་ཡིས་བསྟན་དོན། དབྱི་སི་རལ་དང་དབྱི་ལིང་གི་འབྲེལ་ཡོད་གནས་བབ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཅིང་། དབྱི་སི་རལ་གྱིས་དབྱི་ལིང་ལ་ཆམ་ཕབ་བཏང་བར་ཕན་ནུས་ཐོན་ཡོད། ཨ་མེ་རི་ཁའི་གྲོས་མོལ་འཐུས་མིས་དབྱི་ལིང་དང་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་སླར་གསོའི་བྱ་བར་གྲོས་མོལ་བྱེད་འདོད་ཡོད་ཟེར། ཐི་ལིང་ཕུའུ་ཡས་ཝུའུ་ཁི་ལན་གྱི་ཉམས་ཉེན་མྱུར་དུ་མཇུག་སྒྲིལ་བར་རེ་བཞིན་ཡོད་ཟེར།
ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་འཐབ་གྲོགས་མཛའ་བརྩེ་གླེང་བ་དང་། ཕན་ཚུན་བར་གྱི་འབྲེལ་བ་བཟང་བོར་ཡིད་ཚིམས་ཡོད་པའི་ཚུལ་བསྟན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།