དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་གི་མཐོ་རིམ་དམག་དཔོན་གསུམ་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར།
2025.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་གསང་འཕྲིན་ལས་ཁུངས་ཀྱི་འགན་ཁུར་བ་ཁཱ་ཆི་མུས་སོགས་མཐོ་རིམ་དམག་དཔོན་གསུམ་ཉིན་དེར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་གི་གསལ་སྒྲོག་ལྟར་ན། ཁཱ་ཆི་མུས་དང་དེའི་ལག་རོགས་པ་གཞོན་པ་མུའུ་ཧཱ་ཀའེ་ཀི དེ་མིན་མཐོ་རིམ་དམག་དཔོན་གཞན་པ་པཱ་ཀའེ་ལི་བཅས་དབྱི་སི་རལ་གྱིས་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་བར་སྣང་འཇབ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།