མའོ་སིང་པུས་ཁིའི་སྨྱན་བྱད་ཀྱིས་ཚེས15ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཏི་ཨར་ཅཱ་ཏུའུ་ཅོ་ཞིང་ཆེན་གྱི་མུའུ་དབྱེ་ཏོན་པེ་ས་ཁུལ་གྱི་ས་གནས་དྲག་ཆས་པས་ཉེ་སྔོན་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན18བསད་ཟེར།
བསྒྲགས་པ་ལྟར་ན། མུའུ་དབྱེ་ཏོན་པེ་ས་ཁུལ་གྱི་སྲིད་འཛིན་དཔོན་པའོ་སི་ཁི་ཡིས་བཤད་རྒྱུར། ས་གནས་དྲག་ཆས་པས་ཉེ་སྔོན་མུའུ་དབྱེ་ཏོན་པེ་ས་ཁུལ་གྱི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། མཇུག་མཐའ་འཇིགས་སྐུལ་ཉེས་ཅན18བསད་ཡོད་ལ། མིག་སྔར་ས་ཁུལ་དེའི་གནས་བབ་གཏན་འཇགས་ཡིན་ཟེར།
པའོ་སི་ཁི་ཡིས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱིས་དུས་ཡུན་རིང་བོར་ས་དེའི་མང་ཚོགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པ་དང་། ན་གཞོན་དག་རྩ་འཛུགས་དེའི་ནང་ཞུགས་པར་གཡོ་སྐུལ་བྱེད་བཞིན་ཡོད་ལ། ས་དེའི་དབང་འཛིན་ལས་ཁུངས་ཀྱིས་ལོག་ལམ་དུ་ཞུགས་པའི་ན་གཞོན་དག་ལ་སློབ་གསོ་གཏོང་བཞིན་ཡོད་ཟེར།
མའོ་སིང་པུས་ཁིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཏི་ཨར་ཅཱ་ཏུའུ་ཅོ་ཞིང་ཆེན་གྱི་ས་གནས་དྲག་ཆས་པ་དེ་གཙོ་བོ་མའོ་སིང་པུས་ཁིའི་མི་རིགས་བཅིངས་འགྲོལ་འཐབ་རྩོད་ཀྱི་དམག་མི་རྒན་པ་དང་དང་བླངས་པས་གྲུབ་ཡོད་ཅིང་། མའོ་སིང་པུས་ཁིའི་སྲིད་གཞུང་གི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད་པ་དང་། སྲིད་གཞུང་དམག་དཔུང་ལ་རོགས་འདེགས་བྱས་ཏེ་ཞིང་ཆེན་དེ་ནས་དབྱི་སི་ལན་གྱི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།