ཐི་ལིང་ཕུའུ་ཡིས་དབྱི་ལིང་དང་དབྱི་སི་རལ་གྱིས་གྲོས་མཐུན་འགོད་དགོས་པའི་ཚུལ་བསྟན།
2025.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས15ཉིན་བཤད་རྒྱུར། དབྱི་ལིང་དང་དབྱི་སི་རལ་གྱིས་གྲོས་མཐུན་འགོད་དགོས་པར་མ་ཟད། མིག་སྔར་ཁ་པར་གྲོས་མོལ་མང་དུ་སྤེལ་བཞིན་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། དབྱི་ལིང་དང་དབྱི་སི་རལ་གྱིས་གྲོས་མཐུན་འགོད་དགོས་པར་མ་ཟད། གྲོས་མཐུན་འགོད་ཐུབ་ངེས་ཡིན་ལ། དབྱི་སི་རལ་དང་དབྱི་ལིང་བར་གྱི་ཞི་བདེ་ཡང་མི་འགྱངས་པར་མངོན་འགྱུར་བྱེད་ཐུབ་ངེས་རེད། མིག་སྔར་ཁ་པར་གྲོས་མོལ་མང་དུ་སྤེལ་བཞིན་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ཞིབ་ཏུ་འགྲེལ་བརྗོད་དང་གསལ་བཤད་མ་བྱས་པར་བྱ་བ་མང་བོ་བསྒྲུབ་ཡོད་ཀྱང་། དེའི་དབང་གིས་གཟེངས་བསྟོད་གང་ཡང་ཐོབ་མྱོང་མེད་ཟེར།

ཐི་ལིང་ཕུའུ་ཡིས་དེའི་སྔོན་བསྟན་དོན། ཁོས་སྔོན་ནས་དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱེད་པའི་གནས་ཚུལ་ཤེས་ཡོད་ཅིང་། ཨ་མེ་རི་ཁ་དབྱི་ལིང་གིས་དབྱི་ལིང་ལ་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ནང་ཞུགས་མྱོང་མེད་པར་མ་ཟད། དབྱི་ལིང་གིས་ཨ་མེ་རི་ཁའི་དམིགས་འབེན་ལ་འཇབ་རྒོལ་བྱེད་མི་རུང་བ་དང་། གལ་ཏེ་འཇབ་རྒོལ་བྱེད་ན་ཨ་མེ་རི་ཁའི་དམག་དཔུང་གིས་སྟོབས་ཤུགས་དྲག་པོས་དབྱི་ལིང་ལ་ཆམ་ཕབ་གཏོང་སྲིད་པའི་ཉེན་བརྡ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།